ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་པར་བསྐྲུན་སྡེ་ཁག་འགན་ཁུར་བའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས2014ལོའི་བྱ་བར་སྤྱི་བསྡོམས་བྱས་པ་མ་ཟད། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔེ་རིས་དང་ཚགས་པར། དུས་དེབ། སྒྲ་བསྐྱེད་པར་བསྐྲུན་རིགས་ལ་བཀོད་སྒྲིག་བྱས།

རྒྱུས་ལོན་པ་ལྟར་ན། 2014ལོའ་རང་ཞིང་གསར་འགྱུར་པར་བསྐྲུན་འཐབ་ཇུས་ནི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བླང་བྱ་ལྟར། དཀྱིལ་དབུས་ལ་ཁ་ཕྱོགས་ནས་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པར་རྒྱུན་འཁྱོངས་བྱས་པ་བརྒྱུད། “ཁུལ་གསུམ”འཛུགས་སྐྲུན་དང་ནུས་ཤུགས་ཡོད་ཚད་ཀྱིས་སྤྱིའི་བརྗོད་དོན་དང་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་དར་སྤེལ་བྱས་ཏེ། བྱ་འགུལ་གལ་ཆེན་རབ་དང་རིམ་པ་ཞིག་སྤེལ་བ་དང་་པར་བསྐྲུན་གྱི་ལས་འགན་གཙོ་གནད་མང་པོ་ལེགས་འགྲུབ་བྱུང་ཡོད།

ཤེས་གསལ་བྱུང་བ་ལྟར་ན། ད་ལོ་རང་ཞིང་གི་རིམ་པ་སོ་སོའི་གསར་འགྱུར་པར་བསྐྲུན་སྡེ་ཁག་གིས་ཕུལ་བྱུང་བརྩམས་ཆོས་ཐོན་སྐྱེད་དང་པར་བསྐྲུན་རིགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་ནི་བྱ་བ་ཀུན་གྱི་གཙོ་གནད་དུ་བཞག་ཡོད་པ་དང་། དཔེ་རིས་དང་སྒྲ་བསྐྱེད། གློག་རྡུལ་པར་བསྐྲུན་ལས་ཁུངས་ཀྱིས་བརྗོད་དོན་པར་བསྐྲུན་དང་མི་རིགས་མཐུན་སྒྲིལ་པར་བསྐྲུན་སོགས་ནས་དོ་སྣང་ཆེན་པོ་བྱས་ནས་རྒྱུ་སྤུས་མི་ལེགས་པའི་པར་བསྐྲུན་རིགས་འགྲེམ་སྤེལ་མི་བྱེད་པར་རྒྱུན་འཁྱོངས་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།