ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐེངས40བའི་རྒྱུན་ལས་གྲོས་ཚོགས་ལས་ཞིབ་འཇུག་བྱས་ཏེ་ཐག་གཅོད་ལྟར། ད་ལོ་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་བགྲེས་པོའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ད་ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། ལོ་ན70ཡན་ལ་སོན་ཡོད་པའི་བགྲེས་པོར་ཁ་གསབ་ཚད་གཞི་དེ་སྔར་ཡོད་རྨང་གཞིའི་སྟེང་མི་རེའི་ཟླ་རེའི་སྒོར20ཇེ་མཐོང་གཏོང་རྒྱུ་རེད། ཚད་གཞི་ཇེ་མཐོར་བཏང་རྗེས་ལོ་ན70ནས79བར་ལ་སོན་ཡོད་པའི་བགྲེས་པོར་ཟླ་རེའི་སྒོར70དང་། ལོ་ན80ནས89ལ་སོན་ཡོད་པའི་བགྲེས་པོར་ཟླ་རེའི་སྒོར80། ལོ་ན90ནས99ལ་སོན་ཡོད་པའི་བགྲེས་པོར་ཟླ་རེའི་སྒོར100།  ལོ་ན100ཡན་ལ་སོན་ཡོད་པའི་བགྲེས་པོའི་ཟླ་རེར་སྒོར140བཅས་འགྲེམ་གཏོང་བྱེད་རྒྱུ་རེད། 

2015ལོར་རང་ཞིང་དུ་བགྲེས་པོའི་ཁ་གསབ་ཐོབ་མཁན་མི་གྲངས་ཁྲི29.60ཡོད་ལ།  རགས་རྩིས་བྱས་པ་ལྟར་ན་ཚད་གཞི་ཇེ་མཐོར་གཏོང་བར་མ་དངུལ་སྒོར་ཁྲི7102.94དགོས་ལ། 《ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་དུ་བགྲེས་པོའི་ཁ་གསབ་ལམ་ལུགས་འཛུགས་རྒྱུ་ཡིན་པའི་བརྡ་ཐོ》ནང་གི་ཐག་གཅོད་ལྟར། ཐེངས་འདིའི་ཚད་གཞི་ཇེ་མཐོར་གཏོང་བའི་མ་དངུལ་ནི་སྔར་བཞིན་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་སོ་སོ3:7བསྡུར་ཚད་ལྟར་འགན་ཁུར་དགོས་པ་དང་། དེའི་ནང་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2130.88དང་། གྲོང་ཁྱེར་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི4972.06བཅས་འགན་ཁུར་དགོས།

མུ་མཐུད་དུ་བགྲེས་པོའི་ཁ་གསབ་ཚད་གཞེ་ཇེ་མཐོར་གཏོང་བ་ནི་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་ཆུང་བས་དམངས་འཚོ་ཀྱི་དོན་ཆེན་སྒྲུབ་པ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ལས་ཏང་དང་སྲིད་གཞུང་གི་བགྲེས་པོར་ཐུགས་ཁུར་བྱེད་པ་མཚོན་པས། རྒྱ་ཆེའི་བགྲེས་པོ་རྣམས་བཅོས་བསྒྱུར་གྱི་གྲུབ་འབྲས་མྱོང་ནས་སྔར་ལས་ལྷག་པར་བགྲེས་པོའི་སྤྱི་ཚོགས་ཀྱི་ཕན་བདེ་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཐོབ་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།