ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གཉིས་སུ་སོང་ནས། ལས་བྱེད་པ་གཞི་རིམ་དུ་སོང་ནས་སྒྲོག་བཤད་གཉིས་དང་སྐུལ་འདེད་གཉིས་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན། དཔྱིད་ཀའི་རྨོ་འདེབས་སོགས་ཀྱི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་གོ་པེན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་གྲོང་སྡེ་དང་གཞིས་ཁུལ། དགོན་སྡེ། ལམ་སྲུང་མཉམ་འབྲེལ་རུ་ཁག་དཀྱུས་མ་སོགས་གཞི་རིམ་སྡེ་ཁག་ཏུ་སོང་ནས། ལས་བྱེད་པ་དང་མང་ཚོགས་ལ་གླེང་མོལ་བྱས་པ་དང་། ཁོ་ཚོའི་བྱ་བ་དང་ཐོན་སྐྱེད། འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཚང་མས་བསམ་འཆར་དང་གྲོས་གཞི་ལ་ཞིབ་མོར་ཉན།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཆེད་དང་། མང་ཚོགས་ལ་རྒྱབ་རྟེན་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པས་ནམ་ཡང་འགན་འཁྲི་སེམས་ལ་བཅངས་པ་དང་། འགན་ཁུར་ཕོད་པ། རང་འགུལ་གྱིས་འབད་འཐབ་བྱས་ན། བྱ་བ་སྣ་ཚོགས་བཟང་བོར་འགྲུབ་ཐུབ་པ་ཁོ་ཐག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནམ་ཡང་ཁྱོན་ཡོངས་བཞིས་བྱ་བར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གཞིར་བཟུང་ནས་བྱ་བར་མཛུབ་སྟོན་བྱེད་པ། སྐབས་བཅུ་གཉིས་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་ལྟར་དུ་བྱ་བར་འཆར་འགོད་བྱེད་པ། ད་ལྟ་དངོས་སུ་ལག་བསྟར་བྱེད་བཞིན་པའི་ལས་ཀས་བྱ་བར་སྐུལ་འདེད་བྱེད་པ། བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཀྱི་གྲུབ་འབྲས་ཀྱིས་བྱ་བར་ཞིབ་དཔྱད་བྱེད་པ་བཅས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་ཐབས་ཇུས་བཀོད་སྒྲིག་བྱ་བའི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་པ་དང་། མུ་མཐུད་དུ་ས་ཁུལ་གྱི་དར་རྒྱས་གོང་འཕེལ་དང་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་སྔར་ལས་མང་པོ་བསྐྲུན་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།