ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2015ལོའི་མཚོ་སྔོན་གྱི་ཉོ་ཚོང་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། མཚོ་སྔོན་གྱི་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྤྱིའི་ཇུས་གཞི་དང་རྩ་འཛུགས་བྱ་བའི་ཇུས་གཞི། སྐབས་གཉིས་པའི་རྒྱལ་སྤྱིའི་མཚོ་སྐོར་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་སྤྱིའི་ཇུས་གཞི་ལ་ཞིབ་འཇུག་བྱས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་མཚོ་སྔོན་གྱི་ཉོ་ཚོང་གྲོས་མོལ་ཚོགས་འདུ་ཡིས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་འཐབ་ཇུས་བསམ་ཕྱོགས་དང་། སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས་ཀྱི་བརྗོད་བྱ་འབུར་དུ་ཐོན་པར་བྱས་ཡོད་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྔ་མོ་ནས་འཆར་འགོད་དང་སེམས་ཞིས་མོས་རྩ་འཛུགས་བྱས་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་ཚོད་དམ་འཛིན་སྒོས་གདན་ཞུ་བྱ་བ་སྤེལ་ནས། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱི་ཚོང་བ། ཕྱིར་སྡོད་རང་མི། ཐེ་ཝན་གྱི་ཚོང་བ་བཅས་གདན་ཞུ་བྱེད་པའི་ཐད་ཤུགས་བསྣན་ནས། གདན་ཞུ་ལས་འགན་ཡོངས་འགྲུབ་བྱེད་དགོས། ཚོང་འགུག་དངུལ་འདྲེན་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་གྱི་ཉོ་ཚོང་གྲོས་མོལ་ཚོགས་འདུའི་གྲོས་བཀོད་རྣམ་གྲངས་ལ་ཞིབ་འཇུག་ནན་མོ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། ལས་གཞི་མྱུར་དུ་ལག་བསྟར་བྱེད་པར་ཡར་སྐུལ་བྱེད་དགོས། དེ་དང་མཉམ་དུ། ད་ལོའི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ལ་འཆར་འགོད་བཟང་བོ་བྱེད་པ་དང་། མགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཚོང་འགུག་བྱས་ནས། རྣམ་གྲངས་ཆེན་པོ་སྐོར་ཞིག་ཐད་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་འགྲེམ་སྟོན་བཀོད་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྱད་ཆོས་དང་དགེ་མཚན་འབུར་དུ་ཐོན་པར་བྱེད་པར་དམིགས་ནས། ཕྱོགས་སོ་སོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་མདུན་ལྗོངས། མཚོ་སྔོན་གྱི་ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་གནས་བབ་མངོན་པར་བྱེད་དགོས། དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དྲིལ་སྒྲོག་བྱེད་ཐབས་གསར་སྐྲུན་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས། སྔོན་དུ་དྲིལ་སྒྲོག་བྱ་བ་བཟང་བོར་སྤེལ་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཞོགས་འདེགས་དམ་ཟབ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པ། མཉམ་ཤུགས་ཆགས་པར་བྱས་ཏེ། མཚོ་སྔོན་གྱི་ཉོ་ཚོང་གྲོས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།