ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ལིས་ཞོ་སུང་དང་། ཝང་ཡུས་པོ། ཧན་ཡུང་ཏུང་། ནའོ་ཝེ་ཞིན་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་འཛུགས་སྐྲུན་དུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་མཚོ་སྔོན་ནི་གནའ་ནས་ད་བར་དུ་དར་གོས་ཚོང་ལམ་ལྷོ་བརྒྱུད་ཀྱི་རྒྱུ་ལམ་ཞིག་ཡིན་པ་དང་། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་སྟོབས་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། ལྷོ་བྱང་གི་དར་གོས་རྒྱུ་ལམ་གཅིག་ཏུ་སྦྲེལ་བའི་འབྲེལ་ཐག་ཡིན་ལ། ཤར་ཕྱོགས་ཀྱི་ཐོན་ལས་སྤོ་བསྒྱུར་སྦྲེལ་མཐུད་བྱས་ནས། དར་གོས་ཚོང་ལམ་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་ཆེས་བརྟན་འཇགས་དང་ཆེས་བཟང་བོའི་ཁྱབ་ཁོངས་འཕེལ་རྒྱས་སུ་བཏང་ནས། རང་རྒྱལ་གྱིས་ཨེ་ཤ་ཡ་རྒྱལ་ཁབ་དང་འབྲེལ་མཐུད་བྱེད་པའི་བར་ཁྱམས་དང་བགྲོད་ལམ་གལ་ཆེན་ཡིན་པར་བསྟན་ཡོད།

གྲོས་གཞིའི་ནང་བསྟན་དོན། གཅིག་ནས་རྒྱལ་ཁབ་ཀྱིས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་པའི་དུས་སྐབས་སྔོན་མའི་བྱ་བ་མྱུར་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་ཞོར་དུ། ན་གོར་མོ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་པའི་དུས་སྐབས་སྔོན་མའི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་ཟི་ལིང་གི་གསར་སྤེལ་སྒོ་འབྱེད་བྱ་བ་མྱུར་དུ་སྤེལ་ནས། ཟི་ལིང་ཕྱོགས་བསྡུས་དཔྱ་ཁྲལ་འགན་སྲུང་ས་ཁུལ་གྱི་དུས་སྐབས་སྔོན་མའི་འཆར་གཞི་དང་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་རྒྱལ་ཁབ་ཀྱིས་ལས་གཞི་བཀོད་སྒྲིག་དང་། ཆེད་སྤྱོད་མ་དངུལ། ཐོན་ལས་སྲིད་ཇུས་སོགས་ཐད་ནས་ན་གོར་མོ་གྲོང་ཁྱེར་དེ་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ལྕགས་ལམ་དངོས་སྐྱེལ་གྱི་གསོག་སྐྱེལ་བྱེད་ས་ཤིག་ཏུ་འགྱུར་བར་བྱས་ནས། བོད་ཁུལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ས་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།