ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཉི་མ་སྒྲོལ་མ་དང་། ནའོ་ཝེ་ཞིན། ནོར་སྡེ། ཏིན་ཞའོ་ཧོས་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ནས་ཕན་འབྲས་མངོན་གསལ་བླངས་མོད། ད་དུང་མུ་མཐུད་དུ་བཟོ་སྐྲུན་གྱི་ཁེབས་ཚད་རྒྱ་བསྐྱེད་དེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་དགོས་ཟེར།

གྲོས་གཞིའི་ནང་དུ་བསྟན་དོན། མདོ་ལ་རི་བོའི་ས་ཁུལ་ནི་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན་འཆར་གཞི་མྱུར་དུ་ལག་བསྟར་བྱེད་པ་དེས་མཚོ་སྔོན་དང་། ཀན་སུའུ། ནང་སོག་བཅས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་པས། རྒྱལ་ཁབ་ཀྱིས་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་སྟེ། ལོ་རེར་ཆེད་སྤྱོད་མ་དངུལ་བཏང་ནས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཞེས་བཀོད་ཡོད།

གྲོས་གཞིའི་ནང་དུ་བསྟན་དོན། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གཙོ་བོ་མཚོ་སྔོན་པོའི་བཞུར་རྒྱུན་དང་དེའི་མཐའ་འཁོར་ས་ཁུལ་གྱི་བཟོ་སྐྲུན་སྐབས་གཉིས་པའི་འཆར་གཞི་སྒྲིག་བཟོ་བྱེད་མགོ་བརྩམས་ནས། གཙོ་བོ་ནགས་ཚལ་དང་། རྩྭ་ས། བརླན་སའི་སྐྱེ་ཁམས་ཁོངས་གཏོགས་ཀྱི་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ་དང་། བྱེ་ཐང་ཅན་དུ་འགྱུར་བར་བཅོས་སྐྱོང་དང་། ས་ཆུ་སྲུང་འཛིན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། ཚན་རྩལ་འདེགས་སྐྱོར་ནུས་པ་འཛུགས་སྐྲུན་བྱེད་པ་སོགས་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ཡོད་ལ། རྒྱལ་ཁབ་ཀྱིས་མུ་མཐུད་དུ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།