ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་ཨུ་ཡོན་པདྨས་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་དྲུག་གི་སྤྱི་བའི་གླ་ཁང་ལས་གཞིའི་མ་དངུལ་ལ་ཁ་གསབ་ཆ་ཚང་བྱིན་ནས། ས་གནས་ཀྱི་ཆ་སྡེབས་འགྲོ་ལུགས་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན།

པདྨས་གྲོས་གཞིའི་ཁྲོད་བཤད་དོན། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱས་པས། མཁར་གྲོང་དབུལ་ཕོངས་ཁྱིམ་ཚང་གི་སྡོད་ཁང་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་ཆེན་པོ་བྱུང་མོད། ས་བབ་ཀྱི་འགལ་རྐྱེན་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགོས་མཁོའི་དབང་གིས། མཚོ་སྔོན་བོད་ཁུལ་གྱི་འཛུགས་སྐྲུན་རྒྱུ་ཆ་ཚང་མ་ཟི་ལིང་དང་ཞིང་ཆེན་གཞན་ནས་མཁོ་འདོན་བྱེད་ཀྱིན་ཡོད་པས། རྒྱུ་ཆ་དབོར་འདྲེན་གྱི་ལམ་ཐག་རིང་ཞིང་མ་རྩ་མཐོ་བར་མ་ཟད། ད་ཡོད་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་དང་འཛུགས་སྐྲུན་དངོས་ཀྱི་མ་རྩ་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་ལས་གཞན། ད་དུང་མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིར་མ་དངུལ་འདང་ངེས་ཞིག་མེད་པ་ནི་ལས་གཞི་འདི་ལེགས་འགྲུབ་བྱེད་པའི་འགལ་རྐྱེན་ལྟ་བུར་གྱུར་ཡོད་ཟེར།

པདྨས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་རམ་དང་རིམ་པའི»ཁྲོད། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་མཁར་གྲོང་རྨང་གཞིའི་སྒྲིག་ཆས་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་ལས་དོན། གཞི་རིམ་སྲིད་དབང་འཛུགས་སྐྲུན་སོགས་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་ལས་གཞིར་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཆ་སྡེབས་མ་དངུལ་རིམ་པ་བཞིན་ཇེ་ཉུང་དུ་གཏོང་རྒྱུ་དང་ཡང་ན་མེད་པར་གཏོང་རྒྱུའི་ཐག་བཅད་ཡོད། ང་ཚོས་བལྟས་ན་མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་གི་སྤྱི་བའི་གླ་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞི་ནི་གཞི་རིམ་ལས་བྱེད་པ་དང་དཀའ་ངལ་ཆེ་བའི་གཞི་རིམ་མང་ཚོགས་ལ་སྤྱི་ཕན་ལས་གཞི་བསྐྲུན་ཆེད་བཟོས་པར་འདོད་པས། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་དྲུག་གི་སྤྱི་བའི་གླ་ཁང་ལས་གཞིར་མཁོ་བའི་མ་དངུལ་ཐད་ཆ་ཚང་ཁ་གསབ་བྱིན་ཏེ། ས་གནས་ཀྱི་ཆ་སྡེབས་འགྲོ་ལུགས་མེད་པར་གཏོང་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།