ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གསར་མ་ཐག་ཏུ་སྤྱིའི་མ་དངུལ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་གཉིས་གཏོང་རྒྱུ་ཡིན་པ་དང་སྤྱིའི་བཟོ་སྐྲུན་དུས་ཡུན་ཟླ་དྲུག་ཅུ་ཡིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟིལ་བའི་ཞིང་ཆུ་འདྲེན་པའི་བཟོ་སྐྲུན་ལག་བསྟར་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཆོག་མཆན་བཀོད་པའི་ཞོར་དུ། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་བོད་ཁུལ་གྱི་ཆེད་དོན་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་བཞི་ས་ཡ་བཞི་ཐོབ།

ཁྲི་ཀ་རྫོང་ལ་ཟིལ་བའི་ཞིང་ཆུ་འདྲེན་པའི་བཟོ་སྐྲུན་དེ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་ཤིང་། དེ་ནི་མཚོ་སྔོན་གྱི་བོད་ཁུལ་ཞིང་ལས་ས་ཁུལ་གྱི་ཞིང་ཆུ་འདྲེན་པའི་བཟོ་སྐྲུན་གལ་ཆེན་ནང་གི་གཅིག་ཡིན་པ་དང་། བཟོ་སྐྲུན་དེ་ནི་ཆུ་འདྲེན་ཡན་ལག་ཆུ་རྐ་དང་ཞིང་ཁའི་ཆ་ཚང་བཟོ་སྐྲུན་སོགས་ལས་གྲུབ་ཅིང་། སྤྱིའི་ཆུ་འདྲེན་རྒྱ་ཁྱོན་ལ་མུའུ་འབུམ་གཉིས་ལྷག་ཡོད། བཟོ་སྐྲུན་དེའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ལ་ཆུ་རྐ་དང་ཡན་ལག་ཆུ་རྐ་སོགས་འདུ་ཞིང་། ཆུ་རྐ་རེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ང་གཉིས་ལྷག་ཡོད་པས་ས་དེའི་མ་འོངས་པའི་ཞིང་ལས་ས་ཁུལ་ལ་ཕན་འབྲས་ཅུང་བཟང་བོ་ཐོབ་ངེས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།