ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲང་ཧྲིག་ཁྲིན་སོགས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སྐུ་འབུམ་དགོན་པར་སོང་ནས་དགོན་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས།

རིན་ཆེན་རྒྱལ་སོགས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཨ་ལགས་ར་ཁོ་ཚང་དང་དེ་མིན་གྲྭ་བཙུན་འཐུས་མི་རྣམས་ལ་འཚམས་འདྲི་ཞུས་པ་མ་ཟད་འཚམས་འདྲིའི་སྒོར་མོ་བྱིན་པ་མ་ཟད། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣར་ཁ་བཏགས་ཕུལ་ཏེ། ཁོ་ཚོར་དུས་ཆེན་སྐྱིད་པོ་ཞིག་རོལ་ནས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས།

 རིན་ཆེན་རྒྱལ་གྱིས་སྐུ་འབུམ་དགོན་པ་ནི་རང་རྒྱལ་བོད་ཁུལ་དུ་མཚན་སྙན་གྲགས་ཆེ་བས། མུ་མཐུད་དུ་དོ་དམ་བཟང་བོ་བྱས་ནས། ཆོས་ཁྲིམས་དར་སྤེལ་བྱེད་དགོས་པ་དང་། སེམས་ལྷོད་ལ་བབས་ནས་སྒྲུབ་སྦྱངས་བྱེད་པ། དགེ་བ་སྒྲུབ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱེད་པ་དང་། ཚུལ་ཁྲིམས་སྲུང་བ་དང་ཁྲིམས་སྲུང་བའི་མིག་དཔེ་བརྩོན་ལེན་བྱེད་པའི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་དགོས་པའི་ཞོར་དུ། སྐུ་འབུམ་དགོན་པ་ཡང་རབ་མཛེས་མཚོ་སྔོན་གྱི་མཚོན་བྱེད་གྲགས་ཅན་ཡིན་པས། དེས་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྣང་བརྙན་ཅུང་བཟང་མཚོན་ཡོད།

 ལོ་མང་བོའི་རིང་ལ། སྐུ་འབུམ་དགོན་པས་དགོན་པ་འཛུགས་སྐྲུན་དང་དོ་དམ་བྱེད་པའི་ཐད་ལ། འདུ་ཤེས་གསར་སྐྲུན་དང་། ཉམས་མྱོང་སྤྱི་བསྡོམས་བྱས་ནས། བོད་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བའི་ཐད་ལ་བྱས་རྗེས་བཞག་ཡོད་ཅེས་བཤད། རིན་ཆེན་རྒྱལ་གྱིས་སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སྔར་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་བཅངས་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོབ་ཐད་ལ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་མཐུན་སྒྲིལ་དམ་པོས་ལས་དོན་ཡར་ཐོན་ཡོང་བར་ཡང་བསྐྱར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།