2.jpg

1.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ར་ཡུལ་ཚོའི་ལོ་བ་ཞོལ་མ་སྡེ་བའི་སློབ་གསོའི་རོགས་སྐྱོར་ཚོགས་པའི་སློབ་གསོའི་རོགས་སྐྱོར་ཐད་ཀྱི་རིག་རྩལ་སྤྲོ་ཚོགས་ལོ་བ་ཞོལ་མ་སྡེ་བ་ནས་བསྡུས། སྤྲོ་ཚོགས་དེ་ནི་སྡེ་བ་དེའི་སློབ་གསོའི་རོགས་སྐྱོར་ཚོགས་པས་མཐོ་འབྲིང་ཡན་གྱི་སློབ་མར་སློབ་དངུལ་རོགས་སྐྱོར་བྱེད་པ་གཙོར་བྱས་པ་དང་། ལོ་རེའི་ལོ་གསར་གྱི་ཚེས་བཞི་ཉིན་སྡེ་མི་ལྷན་འཛོམས་བྱས་ནས་སློབ་གསོའི་རོགས་དངུལ་སྟེར་བའི་སྡེ་བ་རང་བཞིན་གྱི་རིག་རྩལ་སྤྲོ་ཚོགས་ཤིག་རེད།

ལོ་བ་ཞོལ་མ་སྡེ་བའི་སློབ་གསོའི་རོགས་སྐྱོར་ཚོགས་པ་དེ2010ལོའི་ཟླ1པོའི་ཚེས20ཉིན་དངོས་སུ་བཙུགས་ཤིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་དང་། སྡེ་བའི་ལོ་ལོན་བསམ་ཤེས་དང་ན་གཞོན་ཤེས་རྒྱ་ཅན་རེ་འགས་འགན་དང་ལེན་གྱིས་རང་སྡེ་བའི་མཐོ་འབྲིང་སློབ་མ་དང་འབྲིང་རིམ་ཆེད་སྦྱོང་སློབ་མ། སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ། ཕྱིར་འགྲིམས་སློབ་མ་གཙོ་བྱས་པ་དང། ལོ་ན་བདུན་ཅུར་བུད་པའི་ལོ་ལོན་རྒན་པ་དང་དབང་བོ་སྐྱོན་ཅན། སློབ་མ་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པའི་ཚོགས་པ་ཞིག་རེད།

ཚོགས་པ་དེ་བཙུགས་པའི་ཚུན་གྱི་ལོ་ངོ་བཞིའི་ནང་དུ། སློབ་ཆེན་སློབ་མ་རེ་དྲུག་དང་། འབྲིང་རིམ་ཆེད་སྦྱོང་སློབ་མ་བཞི་བཅུ། མཐོ་འབྲིང་སློབ་མ་བརྒྱ་དང་དགུ ལོ་ལོན་བརྒྱ་དང་ཉེར་དྲུག དབང་བོ་སྐྱོན་ཅན་བཅུ་གཉིས། སློབ་མ་དཀའ་ཁག་ཅན་གཅིག་བཅས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི་བདུན་དང་སྟོང་བདུན་བརྒྱད་བརྒྱ་གོ་ལྔ་ལྷག་གིས་རོགས་སྐྱོར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།