ཀྲུང་གོའི་བོད་ཀྱིི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ལྟེ་གནས་ཀྱི་མཆོང་རྒྱུགས་འཕེན་གསུམ་ར་བའི་ནང་དུ་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་པ་ཉི་ཤུ་ལྷག་གིས་ཤན་འབྱེད་པའི་སྣེ་ཁྲིད་འོག་བྲེལ་འཚུབ་ངང་སྦྱོང་བརྡར་བྱེད་བཞིན་པ་དང་། ཁོ་ཚོ་ད་ལོའི་ཟླ་དགུ་བའི་ཚེས་བཅུ་གཉིས་ནས་ཚེས་བཅུ་དགུ་ཉིན་བར་ཟི་ཁྲོན་ཞིང་ཆེན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དགུ་བ་དང་དམིགས་བསལ་ཨོ་ལིན་ཕེས་ཁི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་ཞུགས་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཞིའི་ནང་ཐེངས་རེར་བསྡུ་བཞིན་པའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དེ་ནི་དབང་བོ་སྐྱོན་ཅན་གྱི་གཟབ་རྒྱས་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། དབང་བོ་སྐྱོན་ཅན་གྱིས་རང་གི་རྩལ་ནུས་ངོམ་པ་དང་། སྤྱི་ཚོགས་འཚོ་བར་ཞུགས་པའི་གར་སྟེགས་ཆེན་མོ་ཞིག་ཀྱང་རེད། སྐབས་དེར་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་པ་མཆོང་རྒྱུགས་འཕེན་གསུམ་དང་། ཐག་ཐག་ལྒང་ལི། མདའ་འཕེན། འགྱིག་འདེད་པ་སོགས་འགྲན་སྡུར་མང་པོར་ཞུགས་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།