111.jpg

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚེས་ཉེར་བདུན་ཉིན་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚེས་ཉེར་བདུན་ཉིན་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

    གྲོས་ཚོགས་ལ་ཐོན་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གསུམ་ཡོད་པ་དང་། དངོས་སུ་ཐོན་པའི་འཐུས་མི་སུམ་བརྒྱ་དང་རེ་གཉིས་ཡོད་པས། བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་གྲངས་དང་མཐུན།

    ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལོ་ཧོས་ཉིན་དང་། མུའུ་ཏུང་ཧྲིན། སྟག་འབུམ་ཐར། དབང་མོ། ཚོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཚེ་ཏི་ཀོས་སོགས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    ཧའོ་ཕིན་དང་། རིན་ཆེན་རྒྱལ། ཝང་ཅན་ཅོན། ལོ་ཡུས་ལིན། ཅི་ཏི་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། ཝང་ཞའོ་ཆིན། ཀྲང་ཀོང་རོང་། མཱ་ཧྲོན་ཆིན། སུའུ་ཉིན། བསྟན་ཁོ། ལིས་སུང་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

    མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས།

    གྲོས་ཚོགས་ནས་འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་། འདེམ་ཤོག་ལྟ་སྐུལ་པའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། གྲོས་ཚོགས་ནས་མིང་མི་འགོད་པའི་འདེམ་ཤོག་འཕེན་ཐབས་སྤྱད་དེ། སུའུ་ཉིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་སྣོན་འདེམ་བྱས་པ་དང་། ལིས་ཅུའུ་རིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གསབ་འདེམ་བྱས། གྲོས་ཚོགས་ནས་ད་རུང་གོ་རིམ་ལྟར་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཉིས་སྟོང་བཅུ་བཞི་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་ལྔ་ལོའི་འཆར་གཞིའི་གྲོས་ཆོད། ཉིས་སྟོང་བཅུ་བཞི་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཉིས་སྟོང་བཅོ་ལྔ་ལོའི་ནོར་སྲིད་སྔོན་རྩིས་གྲོས་ཆོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་ཚོགས་ཆེན་གྲོལ་བའི་མཛད་སྒོའི་སྟེང་གཏམ་གལ་ཆེན་བཤད། ཁོས་བཤད་རྒྱུར། རེབ་འདིའི་གྲོས་ཚོགས་ནི་མཐུན་སྒྲིལ་ཡར་ཐོན་གྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་མཐུན་པ་དང་དེར་སྣེ་ཁྲིད་བྱས་ཏེ། ཡིད་ཆེས་ཆེན་པོས་ཁུལ་གསུམ་གསར་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ལ་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་ངེས་ཡིན་ཟེར།

    ལོ་ཧོས་ཉིན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་གྱི་ལོ་བཞི་ནི། མཚོ་སྔོན་གྱིས་དམངས་འཚོ་ལེགས་བཅོས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ཆེས་མང་ཞིང་། མ་དངུལ་བཏང་བ་ཆེས་མང་ལ། ལས་དོན་འཕེལ་རྒྱས་བྱུང་བ་ཆེས་མགྱོགས་པ་དང་། མང་ཚོགས་ལ་ཕན་ཁེ་ཐོབ་པ་ཆེས་མང་བའི་དུས་སྐབས་ཤིག་རེད། ང་ཚོས་ལག་བསྟར་བྱས་པའི་དམངས་ཕན་བཟོ་སྐྲུན་རབ་དང་རིམ་པས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ཏང་གི་ཐུགས་ཁུར་ཉམས་སུ་མྱང་དུ་བཅུག་སྟེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ཟེར།

    ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས། དམངས་འཚོའི་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་དམིགས་ཡུལ་ལག་ལེན་བྱེད་པའི་ཚད་མཐོན་པོ་ནས། ནམ་ཡིན་ཡང་དམངས་འཚོའི་བྱ་བ་དེ་གོ་གནས་གལ་ཆེན་ཞིག་ཏུ་འཇོག་པ་དང་། དམངས་འཚོའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། དམངས་འཚོ་ལེགས་བཅོས་གཙོ་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྒྲིག་བཟོ་བཟང་བོ་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། དམངས་འཚོའི་ལས་དོན་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། ཁེ་ལས་རིགས་སྣ་ཚོགས་དང་ནང་སྒོས་སུ་རྒྱལ་དབང་ཁེ་ལས་ཀྱིས་རང་འགུལ་གྱིས་སྤྱི་ཚོགས་ཀྱི་འགན་ཁུར་དགོས་པ་དང་། མཚོ་སྔོན་དུ་ཡོད་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཤུགས་ཆེན་པོས་མཉམ་འཛུགས་དྲུག་གི་བྱ་འགུལ་སྤེལ་ནས། མཉམ་དུ་དམངས་འཚོའི་ལས་དོན་རིམ་པ་གསར་བ་ཞིག་ཏུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

    ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་རུང་ལིས་ཉིན་དང་། ཀྲང་ཅན་མེན། ལིག་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཞིན་གོ་པེན། ཁོང་ཡུང་། ལོ་ཁྲའོ་དབྱང་། པོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ལིས་ཞོན་ཧྲིན། ཅི་རིན་ཧྥུན། ངག་དབང་བསོད་ནམས། ཏུང་ཁེ་ཅོན། ཝང་ཞའོ་ཡུང་། མཱ་ཧྥུའུ་ཧེ། ལིག་ཞོ། ཀོ་རུའུ་ཀྲོ། ལིག་ཁྲུན་ཡའོ་སོགས་མགོ་ཁྲིད་བསྡད་ཡོད།

    ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།།

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།