333.jpg

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་། ཁྲིན་ཙི་ཆོན། ལོ་ཁྲའོ་དབྱང་། པོ་དབྱི་ཀྲི། རིན་རྒྱལ་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥུན། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་བསྡད་ཡོད།

    ལོ་ཧོས་ཉིན་དང་། ཧའོ་ཕིན། ཝང་ཅན་ཅོན། པད་མ། ལོ་ཡུས་ལིན། ཅི་ཏི་མ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། ཀྲང་ཀོང་རོང་། མཱ་ཧྲོན་ཆིན། སུའུ་ཉིན། བསྟན་ཁོ། ལིས་སུང་ཧྲན་སོགས་གདན་དྲངས་པ་ལྟར་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།

    མཱ་ཀྲི་ཝེ་ཡིས་མཇུག་རྫོགས་པའི་ཚོགས་ཆེན་ལ་མགོ་འཛིན་བྱས།

    ཚོགས་ཆེན་སྟེང་ནས་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

    ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་མ་ཟད་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཟུར་ཞུགས་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་ཉན་པ་མ་ཟད་གྲོས་ཞིབ་བྱས། ཨུ་ཡོན་རྣམས་ཀྱིས་གཅིག་མཐུན་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ན་ནིང་གི་བྱ་བ་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ཞིང་། གནས་ལུགས་དང་མཐུན་ལ། ད་ལོའི་བྱ་བ་བཀོད་སྒྲིག་བྱས་པར་ལག་བསྟར་གྱི་རིན་ཐང་ལྡན་པ་དང་བརྩོན་སེམས་ཡར་བསྐྱེད་བྱེད་ཐུབ་པས། ཚང་མར་ད་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར། ཨུ་ཡོན་རྣམས་ཀྱིས་ད་དུང་ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་དང་འཕེལ་རྒྱས་ཀྱི་རེ་བ་ཆེན་པོ་བཅངས་ཏེ་དེང་སྐབས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གནས་བབ་ཆེན་པོར་དམིགས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་དོ་སྣང་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས། ནན་ཏན་སྒོས་སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན།

    གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་མགོ་རྩོམ་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཡོངས་འགྲུབ་བྱེད་པའི་ལོ་ཡང་རེད། ད་ལོའི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱེད་པར་དོན་སྙིང་ཆེན་པོ་ལྡན་པས། ངེས་པར་དུ་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། སྲིད་གྲོས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་འགན་ཁུར་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྒྲིལ་དང་དམངས་གཙོ་གཉིས་བརྗོད་བྱ་གཙོ་ཡིན་པ་ཁོང་དུ་ཆུད་པར་བྱས་ནས། དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་བསྡོངས་ཏེ། སྔར་ལས་རང་འགུལ་གྱི་སྒོ་ནས་འགན་འཁྲི་སྣ་ཚོགས་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་སྲིད་གྲོས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཟེར།

    ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་རུང་མུའུ་ཏུང་ཧྲིན་དང་། དབང་མོ། ཚོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཀྲང་ཅན་མེན། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཁོང་ཡུང་། ཏུང་ཁེ་ཅོན། ཝང་ཞའོ་ཡུང་། དབྱང་ཞུང་ཨེ། ཞོ་དབྱང་ཀྲུང་། ཚོས་ཁྲང་དབྱིན་སོགས་མགོ་ཁྲིད་བསྡད་ཡོད།

    བློ་མཐུན་རྒན་པ་ཚེ་ཅུའུ་ལི་དང་། ཀྲའོ་ཆི་ཀྲུང་། ལིས་ཀྲུང་པའོ་སོགས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།

    ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།