ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་སོ་སོར་ཟི་ལིང་འཐུས་ཚབ་ཚོགས་པའི་ཏ་ཐུང་ཚན་ཆུང་དང་མཚོ་བྱང་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས། ཧའོ་ཕིན་གྱིས་བཤད་རྒྱུར། ན་ནིང་གྲུབ་འབྲས་བཟང་བོ་བླངས་པ་ནི་ལས་སླ་མོ་ཞིག་མིན་ལ། དེ་ནི་ཕྱོགས་སོ་སོས་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན། ད་ལོའི་དཔལ་འབྱོར་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱས་ནས། ད་ལོའི་བྱ་བའི་ལས་འགན་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་དམིགས་འབེན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ལྷག་པར་དུ་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་བྱེད་རྒྱུ་གཙོར་བྱས་ཏེ། མུ་མཐུད་དུ་དམངས་འཚོར་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། སྤྱི་ཚོགས་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འབད་བརྩོན་བྱེད་དགོས། དེ་ནི་སྲིད་གཞུང་བྱ་བའི་དམིགས་འབེན་ཡང་ཡིན་ཟེར།

ཟི་ལིང་འཐུས་ཚབ་ཚོགས་པའི་ཏ་ཐུང་ཚན་ཆུང་གི་གྲོས་བསྡུར་ཁྲོད། གྲོང་ཁྱེར་དང་རྫོང་། ཞང་དང་གྲོང་རྡལ། རྫོང་ཁེ་ལས་ཀྱི་འཐུས་མིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་དང་འཕེལ་རྒྱས་གླེང་བ་དང་། གྲོས་གཞི་བཏོན། ཚང་མའི་གཏམ་བཤད་ལ་ཉན་རྗེས། ཧའོ་ཕིན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་གཙོ་གནད་གཞི་རིམ་དུ་ཡོད་པ་དང་། དཀའ་གནད་ཀྱང་གཞི་རིམ་དུ་ཡོད་པས། གཞི་གསུམ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། གཞི་རིམ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཞབས་ཞུའི་ནུས་པ་མཐོར་འདེགས་བྱས་ནས། ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། མི་དམངས་མང་ཚོགས་ཀྱི་རེ་འདོད་དང་མཐུན་པར་བྱེད་པ་དང་། གཞི་རྩར་སྲུང་སྐྱོབ་དང་ཚད་མཐར་དམ་སྲུང་། མི་འདང་སར་ཁ་གསབ། འདྲ་མཉམ་ལ་སྐུལ་འདེད་བྱེད་པའི་བྱ་བ་མང་པོ་བསྒྲུབ་པ་དང་། དམངས་འཚོར་ལེགས་བསྒྱུར་བྱེད་པ་བརྒྱུད་ནས་དམངས་སེམས་བརྩོན་ལེན་དང་དམངས་ཤུགས་གཅིག་སྒྲིལ། མི་དམངས་ཀྱི་རིག་སྟོབས་ཆེར་བསྐྱེད་བྱེད་དགོས་ཟེར།

ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཧའོ་ཕིན་མཚོ་བྱང་འཐུས་ཚབ་ཚོགས་པ་རུ་སོང་ནས། འཐུས་མི་ཚོའི་གཏམ་བཤད་ལ་ཉན་པ་དང་། མཚམས་རེར་ཟིན་བྲིས་བཀོད་པ་མ་ཟད། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་མཉམ་བསྲེས་སོགས་ཀྱི་གནད་དོན་ཐད་ནས། འཐུས་མི་ཚོ་དང་མཉམ་དུ་གྲོས་བསྡུར་དང་བརྗེ་རེས་ཟབ་མོ་བྱས། ཧའོ་ཕིན་གྱིས་བསྟན་དོན། ཆ་རྐྱེན་དང་དགེ་མཚན་ལྡན་པའི་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ནི། མཁར་གྲོང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་ཡིན་པས། རྩོལ་ནུས་གཙོ་བོའི་ཁུལ་གྱི་འཆར་འགོད་དངོས་འབེབས་བྱེད་པ་དང་། ཁྱད་པར་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ནས། ས་ཆ་སོ་སོ་སྔར་ལས་ཁྱད་ཆོས་ལྡན་པ་དང་སྔར་ལས་གསོན་ཤུགས་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། མཚོ་བྱང་གི་འཕེལ་རྒྱས་རྨང་གཞི་ཧ་ཅང་བཟང་བ་དང་། མིག་སྔར་ད་དུང་གོ་སྐབས་གསར་བར་འཕྲད་ཡོད་པས། མཚོ་བྱང་ཁུལ་གྱི་གོང་འོག་སོ་སོས་གོ་སྐབས་དམ་འཛིན་དང་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། ལྷག་པར་དུ་སྐྱེ་ཁམས་ཕྱུགས་ལས་སྟོབས་ལྡན་དུ་བསྒྱུར་བ་དང་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་པ་དང་འཕེལ་རྒྱས་སུ་གཏོང་བར་བརྩོན་ལེན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།