ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པས་ཚོགས་ཆེན་ཐེངས་གཉིས་པ་བསྡུས།

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་བཅས་དང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན། ཡན་ཅིན་ཧའེ། ཁྲིན་ལིས་ཧྭ། ཁོང་ཡུང་བཅས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གདན་ཞུ་ལྟར་ཚོགས་འདུར་ཞུགས་ནས་གཏམ་བཤད།

    ཚོགས་འདུ་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲི་ཝེ་ཡིས་ཁ་ཡིག་ལ《ཐང་རྒོད་སྐྱེ་ཁམས་ཐོན་ལས་ཀྱིས་དཔལ་འབྱོར་སྤོ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་གཏམ་བཤད། ཨུ་ཡོན་མ་ཅིན་ཀང་གིས《བདེ་སྡོད་བཟོ་འགོད་ཀྱིས་མཚོ་སྔོན་གྱི་དཀའ་ངལ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ》ཞེས་པའི་གཏམ་བཤད། ཨུ་ཡོན་ལིས་ཙིན་ཞན་གྱིས《ངའི་སེམས་ནང་གི་བོད་རིགས་ཀྱི་སྲོལ་རྒྱུན་སྐྱེ་ཁམས་དཔལ་ཡོན་ལྟ་བ》ཞེས་པའི་གཏམ་བཤད། ཨུ་ཡོན་ཞིན་ཆོན་ཁྲིན་གྱིས《ཕྱི་རོལ་ཏུ་བསྐྱོད་པར་བདེ་འཇགས་བསྐྲུན་དགོས》ཞེས་པའི་གཏམ་བཤད། ཨུ་ཡོན་ཚའོ་ཧའེ་ལིན་གྱིས《ཁྲིམས་སྐྱོང་འདུ་ཤེས་ཀྱིས་ཞིང་སྡེའི་སྤྱི་ཚོགས་ཀུན་སྤྱོད་འཛུགས་སྐྲུན་ལ་དོ་སྣང་བྱེད་པ》ཞེས་པའི་གཏམ་བཤད། ཨུ་ཡོན་ཐང་ཞང་ཅིན་གྱིས《དམངས་གཙོ་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བསམ་འཆར་འགའ》ཞེས་པ་སོགས་ཀྱི་གཏམ་བཤད།

    ཚོགས་འདུ་ལ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་དང་ཅི་རིན་ཧྥིན་གྱིས་འགོ་འཛིན་བྱས།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།