ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་དུས་ལྟར་ཞིང་ཆེན་ནོར་སྲིད་ཐིན་ལ་མཐུན་སྦྱོར་བྱས་ཏེ2015ལོའི་སྐོར་དང་པོའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི856466བཏང་།

རྒྱུས་ལོན་པ་ལྟར་ན། ས་ཁུལ་སོ་སོའི2015ལོའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱ་བར་རོགས་སྐྱོར་བྱེད་པ་དང་། ཤང་གྲོང་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ། 2015ལོའི་ལོ་སར་དུས་སྐབས་སུ་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དུས་ལྟར་འདང་ངེས་ཀྱིས་སྟེར་བར་ཁག་ཐེག་བྱེད་ཆེད། 2015ལོའི་སྐོར་དང་པོའི་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི85646བཏང་ཡོད། དུས་མཚུངས་སུ་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ས་ཁུལ་སོ་སོས་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྟེར་བའི་བྱ་བར་མཐོང་ཆེན་བྱས་ཏེ། མ་དངུལ་དོ་དམ་ལ་ཤུགས་སྣོན་དང་ཆ་སྡེབ་མ་དངུལ་དངོས་འབེབས་བྱས་ནས་མགྱོགས་མྱུར་ངང་མ་དངུལ་བགོ་སྤྲོད་བྱེད་པ་དང་། ནན་ཏན་སྒོས་སྤྱི་ཚོགས་རང་བཞིན་གྱི་མ་དངུལ་སྟེར་བའི་བླང་བྱ་ལག་བསྟར་བྱས་ནས་ལོ་སར་དུས་སྐབས་སུ་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དུས་ལྟར་འདང་ངེས་ཀྱིས་ཤང་གྲོང་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ལག་ཏུ་སྤྲོད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།