ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་པ་དང་། གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་གྱིས་འགོ་འཛིན་བྱས།

    གྲོས་ཚོགས་ལ་ཞུགས་དགོས་པའི་མི་གྲངས61དང་དངོས་སུ་ཞུགས་ཡོད་པ་མི55ཡོད་པས། ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

    གྲོས་ཚོགས་སྟེང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་དང་། ཚོགས་ཆེན་གྱི་ཉིན་རྒྱུན་གྱི་བྱ་བའི་ཐག་གཅོད་ལ་འགན་འཁུར་དགོས་ལ། གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་ལས་འཛིན་ཀྲུའུ་ཞི་བདམས། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་འདེམས་སྒུག་མི་སྣ་གཏན་འཁེལ་བྱས། ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་བརྡས་ཐག་གཅོད་པའི་གྲོས་གཞི་བྱེད་ཐབས་ལ་གྲོས་འཆམ་བྱུང་། འཐུས་མིའི་གྲོས་གཞི་འདོན་པའི་དུས་བཅད་ཉིན་མོ་ཐག་གཅོད་ལ་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་འཐུས་མིས་གྲོས་གཞི་འདོན་པའི་མཇུག་མཐའི་ཉིན་མོ་ནི2015ལོའི་ཟླ1པོའི་ཚེས24ཉིན་གྱི་དུས་ཚོད12བར་ཡིན།

    གྲོས་ཚོགས་ཀྱིས་ད་རུང་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། འཐུས་མི་སོ་སོར་བྱིན་ཏེ་གྲོས་བསྡུས་བྱས།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།