ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྐབས་གསུམ་པ་དང་ཐུན་རིན་རྫོང་གི་དགུན་དུས་གནས་སྐོར་འགོ་རྩོམ་མཛད་སྒོ་དེ་ཐུན་རིན་རྫོང་གཉན་ཆེན་ཚོ་བ་ནས་འགོ་བརྩམས།

སྔོན་ཐོན་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་གནང་བཞིན་པ།

    འགོ་རྩོམ་མཛད་སྒོའི་སྟེང་། ཕུན་སུམ་ཚོགས་པའི་བོད་ལུགས་ཀྱི་རྒྱན་གོས་འགྲེམ་སྟོན་དང་མི་རིགས་གླུ་གར་འཁྲབ་སྟོན། ཁྱར་མཚར་བའི“ཁ་ཕུག་པ”བཅས་ཀྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་ཏུ་འཕྲོག རྨ་ལྷོ་ཁུལ་གནས་སྐོར་ཅུའུ་དང་ཐུན་རིན་རྫོང་གནས་སྐོར་ཅུའུ་ཡིས་སོ་སོར་ས་གནས་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་ཀྱི་ཐད་ནས་ཆེད་དུ་མཚམས་སྦྱོར་བྱས་ཤིང་། 2014ལོར་ས་གནས་གནས་སྐོར་ལས་དོན་ལ་འབུར་ཐོན་བྱས་རྗེས་བཞག་པའི་གནས་སྐོར་ལས་དོན་སྡེ་ཁག་ལ་བྱ་གཟེངས་བསྟོད་བྱས། ཉིན་དེར་གནས་སྐོར་ཚོང་བ་དང་སྨྱན་བྱེད་འཐུས་ཚབ་ཀྱིས་ད་རུང་རོང་བོ་གནའ་མཁར་དང་རེབ་གོང་ཐང་ག་འབྲི་བཟོ་བྱེད་པར་ལྟ་སྐོར་བྱས་པ་མ་ཟད། རེབ་གོང་ཡུལ་སྲོལ་གྱིས་ཕྱུག་པའི་གསེར་མདོག་གི་ཁྱིམ་གཞི་ལ་བལྟས།

བོད་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན།

 

“ཁ་ཕུག་པའི”སྔོན་གྱི་མཁར་རྔ་འཁྲབ་སྟོན།

    རྨ་ལྷོ་ཁུལ་ནི་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཆེས་གཅིག་བསྡུ་ཡིན་ལ། རིག་གནས་ཐོན་ཁུངས་ཆེས་སྣ་མང་ཅན་དང་ཁྱད་ཆོས་ཅན། ཡིན་པའི་ས་ཁུལ་ཞིག་ཡིན་ལ། ཁྱར་མཚར་བའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིང་བའི་མིས་བཟོས་མཛེས་ལྗོངས་གཉིས་རང་བྱུང་གིས་མཉམ་དུ་འདྲེས་ཤིང་། རྨ་ལྷོ་ཁུལ་གྱི་དམངས་སྲོལ་ཆོས་ལུགས་བྱ་འགུལ་ལ་རྒྱལ་ནང་གི་གནས་སྐོར་བ་མང་པོའི་ཁྲོད་ཤུགས་རྐྱེན་ཆེན་པོ་ལྡན་པ་དང་། གནས་སྐོར་བྱེད་ཡུལ་གཙོ་བོ་ཞིག་ཡིན་པའི་ཆ་ནས་ཐུན་རིན་རྫོང་གི་དགུན་དུས་གནས་སྐོར་དེའང་ཞིང་ཆེན་ཡོངས་ཀྱི་དགུན་དུས་གནས་སྐོར་བྱ་འགུལ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།