ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཕྱུགས་རིགས་སྣ་ཚོགས་ཁྲི226.61ལ་སླེབས་པ་དང་། ཚོད་དཔག་ལྟར་ན་ཁུལ་ཡོངས་ཀྱི་ཤའི་ཐོན་ཚད་ཏུན་ཁྲི3.4དང་འོ་མའི་སྤྱིའི་ཐོན་ཚད་ཏུན་ཁྲི3.2ལ་སླེབས་ཐུབ་པ་དང་། ཞིང་ལས་ལོ་ཏོག་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ་ཁྲི18.3དང་ལོ་ཧྲིལ་བོའི་འབྲུ་སྣུམ་གྱི་སྤྱིའི་ཐོན་ཚད་ཏུན་ཁྲི2.7། སྔོ་ཚལ་གྱི་ཐོན་ཚད་ཏུན་ཁྲི1.5ལ་སླེབས་ཡོད་ལ། ཁུལ་ཡོངས་ཀྱི་གཟན་རྩྭའི་ཐོན་ཚད་ཏུན་ཁྲི12ཡན་ལ་སླེབས་ཡོད།

ལོ་ཧྲིལ་བོའི་རིང་། ཡུས་ཧྲུའུ་ཁུལ་གྱིས་ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་ཇེ་མགྱོགས་སུ་བཏང་ནས་ཤུགས་ཆེན་པོས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང་། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལོ་ལེགས་འབྱུང་བ་མངོན་འགྱུར་བྱས།

ཕྱོགས་ཡོངས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྐབས་དང་པོའི་ལས་འགན་ལེགས་འགྲུབ་བྱས་ཤིང་། རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར54.28བཏང་ནས་ཕྱུགས་བཀག་རྩྭ་སྐྱོང་དང་སོན་བཟང་བསྒྱུར་བཅོས། ས་ནག་ཐང་བཅོས་སྐྱོང་། མིའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་སོགས་འདེབས་འཛུགས་རྒྱ་ཁྱོན་བསྡོམས་པས་མུའུ་དུང་ཕྱུར1.4ལ་སླེབས་པ་དང་། རྩྭ་ས་མུའུ་དུང་ཕྱུར1.6འགན་ལེན་ལེགས་འགྲུབ་བྱས་ཏེ། 2011ལོ་ནས2014ལོའི་བར་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར23.3རྩིས་སྤྲོད་བྱས་ལ། རོང་འབྲོག་པ་མི་ཁྲི32ཀྱིས་སྲིད་ཇུས་ལོངས་སྤྱོད་བྱས་ཏེ། མི་རེར་ཆ་སྙོམས་ཀྱིས་སྒོར1800བྱིན་ཡོད། རོང་འབྲོག་པ་མི་ཁྲི19ལྷག་སྐྱེ་ཁམས་གནས་སྤོར་སྡོད་ཁང་དང་རུ་སྤོར་འབྲོག་དམངས་གཏན་སྡོད་སྡོད་ཁང་དུ་སྤར་བས། འབྲོག་དམངས་ཀྱི་འཚོ་སྡོད་ཆ་རྐྱེན་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་ཆེན་པོ་བྱུང་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།