ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྡོད་ཁང་དང་སློབ་གསོ། ཟས་གོས། སྤྲོ་གསེང་། ཆ་འཕྲིན་གློག་ཆས། རླངས་འཁོར། བརྡ་འཕྲིན་དང་ལུས་རྩལ་འཛད་སྤྱོད་བཅས་ནི་མཚོ་སྔོན་ཞིང་ཆེན་མི་དམངས་ཀྱི་འཛད་སྤྱོད་ཚོང་རའི་ཁྱབ་ཁོངས་གཙོ་བོ་བརྒྱད་དུ་གྱུར་ཡོད། འདི་ནི་གསར་འགོད་ས་མཚོ་སྔོན་ཞིང་ཆེན་གྱི་ལྔ་བཅུ་གསུམ་པའི་འབྲེལ་ཡོད་དུས་སྐབས་སུ་འཛད་སྤྱོད་ལ་ཤུགས་སྣོན་པར་བཏོན་པའི་སྲིད་ཇུས་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བ་ཡིན། དུས་མཚུངས་སུ་སྡོད་དམངས་ཀྱི་ཡོང་སྒོ་རིམ་བཞིན་ཇེ་མཐོར་བཏང་ནས་ཧུར་བརྩོན་གྱིས་རིམ་པ་མི་འདྲ་བའི་མང་ཚོགས་ཀྱི་ཡོང་སྒོའི་བར་ཐག་ཇེ་ཆུང་དུ་བཏང་སྟེ། སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་ཇེ་ཆེར་དང་འཛད་སྤྱོད་གོང་སྤེལ་གྱི་ལྷང་ངེ་ས་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་པའི་སྦས་ཤུགས་ལ་སྐུལ་སློང་བྱེད་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་མཛད་སྤྱོད་ཇེ་ཆེར་གཏོང་བའི་ལས་འགན་གཙོ་བོར་གྱུར་ཡོད།

རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་འདིས་མཚོ་སྔོན་གྱི་མཛད་སྤྱོད་གནས་བབ་ལ་དཔྱད་འཇོག་གནང་ཡོད་པ་དང་། མིག་སྔར་མཚོ་སྔོན་གྱི་ཤང་གྲོང་སྡོད་དམངས་ཁྱིམ་ཚང་གི་འཛད་སྤྱོད་དང་འཕེལ་རྒྱས་ཆེ་བའི་གྲོང་ཁྱེར་གྱི་འཛད་སྤྱོད་ཆུ་ཚད་དང་བསྡུར་ན་ཟས་རིགས་དང་གྱོན་གོས་འགྲོ་སོང་ནི་མར་ཆགས་ཡོད་པ་དང་། འགྲིམ་འགྲུལ་དང་སློབ་གསོའི་འགྲོ་སོང་ནི་ཆུ་ཚད་མཐོན་པོར་གནས་ཡོད། ཁྱིམ་ཚང་སྒྲིག་ཆས་མཁོ་རྫས་དང་གཞན་པའི་ཚོང་ཟོག་ཞབས་ཞུའི་འགྲོ་སོང་ཀྱང་མར་ཆགས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།