ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བུད་མེད་ལས་བཟོ་བའི་ཨུ་ཡོན་ལྷན་ཁང་གིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་བའི་རྩ་འཛུགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བཟོ་ཚོགས་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱུན་ཆད་མེད་པར་ལག་ལེན་འཚོལ་ཞིབ་བྱས་ནས་བྱ་བ་སྣ་ཚོགས་ལ་ཕན་འབྲས་མངོན་གསལ་བླངས། ལོ་ལྔའི་རིང་ལ། རིམ་པ་སོ་སོའི་བུད་མེད་ལས་བཟོ་བའི་རྩ་འཛུགས་ཀྱིས་བྱས་རྗེས་སྐྲུན་པའི་བྱ་འགུལ་ཐེངས་སྟོང་ལྔ་དང་དགུ་བརྒྱ་དང་གྱ་གཅིག་སྤེལ་བ་དང་། བུད་མེད་ལས་བཟོ་བ་འབུམ་གསུམ་དང་ཁྲི་དགུ་སྟོང་བརྒྱད་ལྷག་ཞུགས་ནས། འོས་མཐུན་ཅན་གྱི་གྲོས་གཞི་སྟོང་ལྔ་དང་སུམ་བརྒྱ་དང་སོ་གཅིག་བཏོན་ཞིང་། དཔལ་འབྱོར་ཕན་འབྲས་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་བརྒྱད་འབུམ་བདུན་ཁྲི་བརྒྱད་སྟོང་དྲུག་ལྷག་བསྐྲུན།

རིམ་པ་སོ་སོའི་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་བའི་རྩ་འཛུགས་ཀྱིས་དཀའ་ཁག་ཅན་ལ་རོགས་སྐྱོར་བྱེད་པ་དང་། བུ་བུ་མོའི་སློབ་ཡོན་ཐད་ནས་རོགས་སྐྱོར་བྱེད་པ། སེམས་གསོ་དང་ཐུགས་ཁུར་བྱེད་པ་བཅས་ནང་དོན་གཙོ་ཡིན་པའི་བུད་མེད་ལས་བཟོ་བརགཅེས་སེམས་འབུལ་བའི་འགུལ་སྐྱོད་སྤེལ་ནས། བུད་མེད་ལས་བཟོ་བར་དོན་བཟང་སྒྲུབ་ནས་དཀའ་ཁག་ཐག་གཅོད་པའི་བྱ་བ་སྤེལ་བ་དང་། བུད་མེད་ལས་བཟོ་བར་རོགས་སྐྱོར་བྱེད་པ་དེ་ལམ་ལུགས་ཅན་དང་། ལས་གཞི་ཅན། དོན་ཐོག་ཅན་བཅས་སུ་བཏང་། ཞིང་ཆེན་ཡོངས་ནས་དཀའ་ཁག་ཅན་གྱི་བུད་མེད་ལས་བཟོ་བར་ཡིག་ཚགས་ཁྲི་གཉིས་དང་སྟོང་གཅིག་ལྔ་བརྒྱ་དང་ཉེར་ལྔ་ལས་པ་དང་། མོ་རྐྱང་ལས་བཟོ་བ་དཀའ་ཁག་ཅན་ལ་ཡིག་ཚགས་སྟོང་གཅིག་དང་བཞི་བརྒྱ་དང་ང་བཞི་ལས་ཤིང་། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ལོ་རེར་ཆེད་སྤྱོད་མ་དངུལ་སྒོར་མོ་འབུམ་དྲུག་དང་ཁྲི་ལྔ་བཏང་བའི་རྨང་གཞིའི་སྟེང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མ་དངུལ་སྒོར་མོ་འབུམ་ལྔ་བཏང་། ལོ་ལྔའི་རིང་ལ་བསྡོམས་པས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གཅིག་ཁྲི་དགུ་ལྷག་བཏང་ནས། དཀའ་ཁག་ཅན་གྱི་བུད་མེད་ལས་བཟོ་བ་ཁྲི་གཉིས་དང་སྟོང་གཅིག་གཉིས་བརྒྱ་ལྷག་ལ་རོགས་སྐྱོར་བྱས་ཤིང་། སློབ་གྲྭ་ཆེན་མོ་དང་མཐོ་འབྲིང་དུ་རྒྱུགས་འཕྲོད་པའི་དཀའ་ཁག་ཅན་གྱི་སློབ་མ་ཉིས་བརྒྱ་དང་ཉི་ཤུར་སྒོར་མོ་འབུམ་ལྔའི་སློབ་ཡོན་བྱིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།