མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། མི་དོན་དང་སྤྱི་ཚོགས་འགན་སྲུང་ཐིན། ལས་བྱེད་པ་རྒན་པ་ཅུའུ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་བློ་མཐུན་རྒན་པར་ལོ་སར་གྱི་འཚམས་འདྲིའི་ཡི་གེ་བསྐུར།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 18:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། མི་དོན་དང་སྤྱི་ཚོགས་འགན་སྲུང་ཐིན། ལས་བྱེད་པ་རྒན་པ་ཅུའུ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ལ་ལོ་སར་གྱི་འཚམས་འདྲིའི་ཡི་གེ་བསྐུར།

འཚམས་འདྲིའི་ཡི་གེའི་ནང་དུ། ལུགས་རྙིང་དང་ལུགས་གསར་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཁྱེད་དང་ཁྱེད་ཀྱི་བཟའ་མི་རྣམས་ལ་བྱམས་བརྩེའི་འཚམས་འདྲི་དང་རྟེན་འབྲེལ་བཟང་བོ་ཞུས་པ་དང་། ཁྱེད་ཚོས་དུས་ཡུན་རིང་བོར་བློ་མཐུན་རྒན་པའི་བྱ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཁྱེད་ཚོས་རྒྱ་ཆེའི་བློ་མཐུན་རྒན་པའི་བྱ་བ་སྒྲུབ་མཁན་རྣམས་ལ་ཡིད་ཆེས་བཅངས་པར་བཀའ་དྲིན་ཞུས་པ་ཡིན།

ཉིས་སྟོང་བཅུ་བཞི་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་དྲུག་པ། བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པར་གཅིག་གྱུར་གྱིས་བཀོད་འདོམས་བྱས་པ་དང་། ནན་ཏན་སྒོས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་། གཞི་གསུམ་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ལ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཡར་སྐུལ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་གཙོ་བོར་བརྩིས་ནས། ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་པ་དང་། ཤུགས་ཆེན་པོས་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལོ་རྒྱུས་རྩོམ་པའི་རླབས་ཆེན་ལག་ལེན་ཁྲོད་དུ་གོམ་སྟབས་གསར་བ་སྤོས། གྲུབ་འབྲས་དེ་དག་ཐོབ་པ་དེ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པ་དང་། བློ་མཐུན་རྒན་པས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་འབྲལ་ཐབས་མེད།

ཉིས་སྟོང་བཅོ་ལྔ་ལོ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་མགོ་རྩོམ་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ཕྱོགས་ཡོངས་ནས་མཇུག་བསྡུ་བའི་ལོ་ཡང་ཡིན་ལ། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དང་གསར་གཏོད་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་ཞིང་། ལས་དོན་སྣ་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་ནི་ཁྱེད་ཚོའི་རྒྱབ་སྐྱོར་དང་བྱས་རྗེས་ལ་འབྲལ་ཐབས་མེད། འདིར་རྒྱ་ཆེའི་ལས་བྱེད་པ་རྒན་པ་དང་། བློ་མཐུན་རྒན་པ་རྣམས་ཚེ་རིང་ནད་མེད་དང་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ལ། སྔར་བཞིན་དུ་མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་དོན་དུ་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་སྙིང་ནས་ཞུ་ཞེས་བཀོད་ཡོད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག