མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར2809ལ་སླེབས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-29 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཟླ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར2809.8ལ་སླེབས་པ་དང་། དུས་མཉམ་ལས21.7%འཕར་ཞིང་། ཚོད་དཔག་ལྟར་ན་ཞིང་ཆེན་ཡོངས་ཀྱིས་ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར2880གཏོང་བའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་ཐུབ་པ་དང་། འཕར་ཚད20%ཡན་ལ་སླེབས་ཡོད།

གཞན་ཡང་ད་ལོར་མཚོ་སྔོན་གྱིས་མུ་མཐུད་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་གྱིས་ཆུ་བེད་དང་ཕྱོགས་བསྡུས་འགྲིམ་འགྲུལ། ནུས་ཁུངས། ཆ་འཕྲིན་དང་གྲོང་རྡལ་རྨང་གཞི་སྒྲིག་ཆས་སོགས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ཁོར་ཡུག་དང་ཆ་རྐྱེན་ལེགས་བཅོས་བྱས། ཟླ11པའི་ཟླ་མཇུག་བར་དུ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར989.5ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས51%འཕར་ལ། བསྟུད་མར་ཟླ6རིང50%ཡན་གྱི་འཕར་ཚད་རྒྱུན་འཁྱོངས་བྱས་ཡོད། དེའི་ནང་གཞུང་ལམ་སྐྱེལ་འདྲེན་ལས་རིགས་དང་ཆ་འཕྲིན་དབོར་འདྲེན་ལས་རིགས། ཆུ་བེད། ཁོར་ཡུག་དང་སྤྱི་བའི་སྒྲིག་ཆས་དོ་དམ་ལས་རིགས་ཐད་མ་དངུལ་གཏོང་ཚད་ཅུང་མགྱོགས་པ་དང་། སོ་སོར་དུས་མཉམ་ལས92.6%དང་ལྡབ2.6། ལྡབ1.04འཕར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག