མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི2014ལོའི་ཞིང་ཆེན་རིམ་པའི་འབྲུ་རིགས་ཏུན50550གསོག་ཉར་འཁོར་སྤྱོད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-29 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འབྲུ་རིགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2014ལོའི་ཟླ12པའི་ཚེས20ཉིན་བར་དུ། མཚོ་སྔོན་གྱི2014ལོའི་ཞིང་ཆེན་རིམ་པའི་འབྲུ་རིགས་ཏུན50550གསོག་ཉར་འཁོར་སྤྱོད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

2014ལོའི་ཞིང་ཆེན་རིམ་པའི་འབྲུ་རིགས་གསོག་ཉར་འཁོར་སྤྱོད་བྱ་བ་ལེགས་པོར་སྒྲུབ་ཆེད། ཞིང་ཆེན་འབྲུ་རིགས་ཅུའུ་ཡིས་སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་ལས་འགོ་བརྩམས་ཏེ། ལོ་འགོར་ཆེད་དོན་ཞིབ་འཇུག་བྱས་ནས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཆར་འགོད་བཟོས། སྤུས་ཚད་ཀྱི་བླང་བྱར་གཞིགས་ཏེ། ཞིང་ཆེན་འབྲུ་སྣུམ་བརྟག་བཤེར་ཚད་ལེན་སྔོན་འགོག་སའོ་ཡིས་ཕྱིར་འདྲེན་དང་ནང་འདྲེན་བྱས་པའི་འབྲུ་རིགས་ལ་རེ་རེ་བཞིན་བརྟག་བཤེར་བྱས་པ་དང་། འབྲུ་ཁུངས་ཀྱི་སྤུས་ཚད་ལ་ནན་ཏན་སྒོས་ཚོད་འཛིན་བྱས་ཏེ་འབྲུ་རིགས་ཀྱི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ཡན་ཏུ་སླེབས་ཐུབ་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག