མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དམངས་འཚོ་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བྱས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དེ་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་དང་། ཕྱུགས་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བ་དང་འབྲོག་དམངས་ཀྱི་ཡོང་སྒོ་ཁ་སྣོན་བྱེད་པ། འབྲོག་ཁུལ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དམིགས་འབེན་དུ་བརྩིས་ནས། མུ་མཐུད་དུ་དམངས་ཕན་སྲིད་ཇུས་བརྩོན་ལེན་བྱེད་ཤུགས་དང་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དམངས་འཚོ་ལེགས་བསྒྱུར་བྱེད་པའི་བྱ་བར་སྐུལ་འདེད་བྱས།

2009ལོ་ནས2014ལོ་བར། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ས་ཡ་བརྒྱད་འབུམ་གཅིག་ཁྲི་གསུམ་ལྷག་བཏང་ནས། འབྲོག་དམངས་གཏན་སྡོད་ཁང་བ་ཁྲི་གཉིས་དང་སྟོང་གཉིས་ལྔ་བརྒྱ་རེ་གཉིས་ལས་པ་དང་། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་ལྔ་འབུམ་དགུ་ཁྲི་གཅིག་ལྷག་བཏང་སྟེ། འབྲོག་དམངས་གཏན་སྡོད་ཀྱི་ཆ་སྡེབས་རྩྭ་ཐང་སྦྲ་གུར་གསར་བའི་ལས་གཞི་ལག་བསྟར་བྱས་ནས། འབྲོག་པ་ཁྱིམ་ཚང་ཁྲི་གཅིག་དང་སྟོང་བདུན་དགུ་བརྒྱ་གོ་གསུམ་ལ་སྦྲ་གུར་གསར་བ་རེ་བྱིན་པ་མ་ཟད་འཚོ་བའི་ཉེར་མཁོའི་སྒྲིག་ཆས་བྱིན།

2011ལོ་ནས2014ལོ་བར་བྱ་དགའ་རང་བཞིན་གྱི་ཁ་གསབ་མ་དངུལ་ཡོངས་རྫོགས་འབྲོག་པའི་ཁྱིམ་ཚང་དུ་བྱིན་པ་དང་། 2013ལོའི་ཚུན་དུ། མགོ་ལོག་ཁུལ་ཡོངས་སུ་བསྡོམས་པས་རིགས་མི་འདྲ་བའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་འབུམ་བཞི་ཁྲི་དགུ་ལྷག་མཉམ་བསྲེས་བྱས་ནས། ཕྱུགས་ཟོག་རྒྱུད་སྤེལ་ར་བ་བདུན་ལས་བ་དང་། མུའུ་བརྒྱ་ཡན་གྱི་གཟན་རྩྭ་རྟེན་གཞི་བཅུ་གཉིས་དང་། ཤ་གཟན་གསོ་སྤེལ་རྟེན་གཞི་བདུན་དང་སྐམས་གསོ་སྤེལ་རྟེན་གཞི་གསུམ། འོ་ཁུངས་རྟེན་གཞི་དགུ ཕག་གསོ་སྤེལ་རྟེན་གཞི་གཅིག སྔོ་ཚོད་རྟེན་གཞི་དགུ བོད་ཇ་འདེབས་གསོ་རྟེན་གཞི་གཅིག འོ་མ་བཙོང་ས་བརྒྱད་བཅས་ལས།

2008ལོ་ནས2013ལོའི་བར། ཞིང་ལས་འཕྲུལ་ཆས་ཐད་ཀྱི་ཁ་གསབ་མ་དངུལ་སྒོར་ས་ཡ་བདུན་འབུམ་བརྒྱད་ཁྲི་གསུམ་བྱིན་ནས། ཁུལ་ཡོངས་སུ་མ་དངུལ་ཁ་གསབ་བྱེད་པའི་རིགས་མི་འདྲ་བའི་འཕྲུལ་ཆས་བསྡོམས་པས་སྟོང་གསུམ་དང་དགུ་བརྒྱ་ང་བདུན་བཙོངས་བ་དང་། འབྲོག་ཁྱིམ་སྟོང་གཉིས་དང་བཞི་བརྒྱ་གོ་དྲུག་ལ་ཕན་བཏགས། ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་ཁ་གསབ་མ་དངུལ་དུས་ལྟར་བྱིན་པ་དང་། 2013ལོ་དང2014ལོ་སོ་སོར་གྲོ་དང་ནས་ཀྱི་སོན་བཟང་ཁ་གསབ་མ་དངུལ་སྒོར་ཁྲི་དྲུག་དང་སྟོང་ལྔ་དང་། རྨོ་འདེབས་ཞིང་བའི་ཐད་ཀར་གྱི་ཁ་གསབ་དང་ཞིང་ལས་རྒྱུ་ཆས་ཀྱི་ཕྱོགས་བསྡུས་ཁ་གསབ་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་བརྒྱད་ཁྲི་གསུམ་བྱིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག