མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚ་རྫོང་ཁྲིམས་ཁང་གིས་ཟླ12པའི་ཚེས4ཉིན་གྱི་སྤྱི་དམངས་སྒོ་འབྱེད་ཉིན་མོ་དང་རྩ་ཁྲིམས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-07 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཆེན་མོ་སྔར་ལས་ལག་ལེན་མཐར་ཕྱིན་བྱས་ནས། རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་བརྩི་སྲུང་བྱེད་པའི་སྣང་ཚུལ་བཟང་བོ་སྐྲུན་ཆེད། ཟླ12པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྲིམས་ཁང་གིས་རྩ་ཁྲིམས་དགོངས་དོན་དར་སྤེལ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗོད་དོན་དང་དམ་དུ་དམིགས་ནས། ཁྲིམས་དཔོན་གྱིས་དམ་བཅའ་འཇོག་པ་དང་། སྤྱི་དམངས་ཀྱི་སྒོ་འབྱེད་ཉིན་མོ། ཁྲིམས་ལུགས་དྲིལ་སྒྲོག་སོགས་ཀྱི་མུ་འབྲེལ་བྱ་འགུལ་སྤེལ་བ་མ་ཟད། ཁྲིམས་ཁང་གི་དྲ་ཚིགས་བརྒྱུད་དེ་བྱ་འགུལ་གྱི་གནས་ཚུལ་ཐད་གཏོང་བྱས་ནས། ཕན་ནུས་ཡོད་པའི་སྒོ་ནས་དྲིལ་སྒྲོག་གི་ཤུགས་རྐྱེན་ཇེ་ཆེར་བཏང་།

ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བཞིན་པ།

ཁྲིམས་དཔོན་གྱིས་དམ་བཅའ་འཇོག་པའི་བྱ་འགུལ་ཁྲོད། ཁྲིམས་ཁང་ཡོངས་ཀྱི་ཁྲིམས་དཔོན་གྱིས་རྒྱལ་གླུ་བླངས་པ་མ་ཟད། ཁྲིམས་དཔོན་གྱིས་དམ་བཅའ་བཞག་ནས། ཁྲིམས་དཔོན་ལས་རིགས་ཀྱི་གཟི་བརྗིད་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཁྲིམས་འཛིན་པ་ནི་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་།

ཁྲིམས་ལུགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བཞིན་པ།

སྤྱི་དམངས་ཀྱི་སྒོ་འབྱེད་ཉིན་མོའི་བྱ་འགུལ་ཁྲོད། མང་ཚོགས་དང་ལས་ཁུངས་ཀྱི་འཐུས་མི་གདན་དྲངས་ནས་ཁྲིམས་ཁང་གི་གྱོད་སྒྲུབ་ཚོམས་ཁང་དང་འདྲི་གཅོད་ཚོམས་ཁང་ལ་ལྟ་སྐོར་བྱས་པ་དང་། ཁྲིམས་ཁང་གི་འབྲེལ་ཡོད་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན་པ་མ་ཟད། བྱ་འགུལ་ཁྲོད་ཞུགས་པའི་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་ཐད་ཀྱི་རི་མོའི་དཔེ་ཆ་བྱིན།

ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་ཁྲོད་དུ། ཉེན་རྟོག་པ་བཅུ་ལྷག་གིས་རྐང་ཚ་རྫོང་བཞི་མདོ་ཐང་ཆེན་ནས། རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན། གཞི་རྩའི་རྩ་དོན། བྱ་འགུལ་གྱི་ཚད་གཞི། ངལ་རྩོལ་བཅའ་ཁྲིམས་དང་གན་རྒྱའི་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས་སོགས་ཀྱི་ནང་དོན་ཐད་ནས་དྲིལ་སྒྲོག་བྱས་པ་དང་། ཡུལ་དངོས་ནས་ཁྲིམས་ལུགས་ཐད་བློ་འདོན་བྱས།

དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་བརྒྱུད་དེ། བསྡོམས་པས་བཅའ་ཁྲིམས་ཁྱབ་གདལ་ཐད་ཀྱི་རི་མོའི་དཔེ་ཆ་སུམ་ཅུ་བྱིན་པ་དང་། དྲིལ་སྒྲོག་ལག་དེབ་སུམ་བརྒྱ་ལྷག་དང་དྲིལ་སྒྲོག་ཡིག་རིགས་ལྔ་བརྒྱ་ལྷག་བཀྲམས་ལ། ཁྲིམས་ལུགས་བློ་འདྲི་ཞབས་ཞུ་ཐེངས་ཉི་ཤུ་ལྷག་འདོན་སྤྲོད་བྱས་ཏེ། ཕན་ནུས་ཡོད་པའི་སྒོ་ནས་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་བརྟན་པོ་བཅངས་པར་སྣེ་ཁྲིད་བྱས་ནས། རྩ་ཁྲིམས་ལ་གོང་བཀུར་བྱེད་པ་དང་རྩ་ཁྲིམས་བརྩི་སྲུང་བྱེད་པ། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་ཆགས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག