མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་རྒྱལ་སྤྱིའི་མཁའ་འགྲུལ་ལས་སྒོ་དངོས་སུ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་། ཟི་ལིང་ནས་མན་ཀུའུ་རུ་བསྐྱོད་པའི་རབ་མཛེས་མཚོ་སྔོན་རྟགས་ཅན་གྱི་གནམ་གྲུ་མཁའ་དབྱིངས་སུ་འཕུར་བ་དང་བསྟུན་ནས། ཟི་ལིང་གནམ་གྲུ་ཐང་གི་རྒྱལ་སྤྱིའི་མཁའ་འགྲུལ་ཐོག་ཁང་དང་པོ་དང་མཉམ་འབྲེལ་ཞིབ་དཔྱད་ཐོག་ཁང་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་། དེས་ཟི་ལིང་རྒྱལ་སྤྱིའི་མཁའ་འགྲུལ་ལས་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་མཚོན་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པར་མ་ཟད་བྱ་བར་མཛུབ་སྟོན་བྱས།

ཝང་ཞའོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ལས་སྒོའི་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཅེས་བཤད། རྒྱལ་སྤྱིའི་མཁའ་འགྲུལ་ཐོག་ཁང་དུ། ཝང་ཞའོ་ཡིས་ཐེ་གོ་རུ་ཡུལ་སྐོར་ལ་འགྲོ་བའི་ཡུལ་སྐོར་བ་ཚོ་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་སྐུ་མགྲོན་ཚོའི་བསམ་འཆར་ལ་ཉན། དེའི་རྗེས་ཝང་ཞའོ་རབ་མཛེས་མཚོ་སྔོན་རྟགས་ཅན་གྱི་གནམ་གྲུའི་སྟེང་སོང་ནས་གནམ་གྲུ་སྟེང་གི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་དང་། འཕུར་བསྐྱོད་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ལས་བྱེད་མི་སྣ་ཚོ་བདེ་འཇགས་སྲུང་སྐྱོབ་པ་དང་ཞབས་ཞུའི་ཕོ་ཉ། མཛའ་བརྩེའི་གཞུང་ཚབ་ཆེན་མོ་བྱེད་དགོས་པའི་སྐུལ་མ་བཏང་། འགག་སྒོ་དང་རིམས་ནད་ཞིབ་བཤེར། སྤྱི་བདེ་མཐའ་སྲུང་བྱ་བའི་ཡུལ་དངོས་དང་མཉམ་འབྲེལ་ཞིབ་དཔྱད་ཐོག་ཁང་ལ་ལྟ་ཞིབ་བྱས་རྗེས། ཝང་ཞའོ་ཡིས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ལས་ཁུངས་སོ་སོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་མུ་མཐུད་དུ་འབད་པ་ཆེན་པོས་འགན་ནུས་བཟང་བོར་སྒྲུབ་ནས། ཞབས་ཞུའི་རྒྱུ་སྤུས་སྔར་ལས་ཇེ་བཟང་དང་བཅོས་བསྒྱུར་གསར་སྤེལ་སྔར་ལས་ཟབ་སྤེལ་གྱིས་རྒྱལ་སྒོའི་བདེ་འཇགས་ལ་སྔར་ལས་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག