མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱིས“མཚོ་སྔོན་ཞིང་ཆེན་བྱམས་བརྩེ་སྤྱི་ཕན་ཐེབས་རྩའི་མ་དངུལ”འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ12པའི་ཚེས4ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྲིད་གྲོས་ཨུ་ཡོན་ལྷན་ཁང་གིས་རྫོང་ཏང་ཨུའི་ཕྱོགས་བསྡུས་ཐོག་ཁང་ནས“མཚོ་སྔོན་ཞིང་ཆེན་ཧོའེ་ཨེ་སྤྱི་ཕན་ཐེབས་རྩའི”དབུལ་སྐྱོར་མ་དངུལ་འགྲེམ་གཏོང་བྱེད་པའི་མཛད་སྒོ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱིས་རྫོང་ཏང་ཨུའི་ཕྱོགས་བསྡུས་ཐོག་ཁང་ནས་མཚོ་སྔོན་ཞིང་ཆེན་བྱམས་བརྩེ་སྤྱི་ཕན་ཐེབས་རྩའི་དབུལ་སྐྱོར་མ་དངུལ་སྟེར་བའི་མཛད་སྒོ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པའི་སྲིད་གྲོས་དང་འབྲེལ་མཐུད་མཐུན་སྦྱོར་བྱས་རྗེས། མཚོ་སྔོན་ཞིང་ཆེན་བྱམས་བརྩེ་ཐེབས་རྩ་ཚོགས་པས་གཅིག་སྒྲིལ་རྫོང་གི་དཀའ་ཁག་ཅན་གྱི་མང་ཚོགས་ལ་མ་དངུལ་ཁྲི་དགུས་རོགས་རམ་བྱས་ནས། གཅིག་སྒྲིལ་རྫོང་གི་ཞང་ལྔ་དང་གྲོང་རྡལ་གཅིག དཀའ་ཁག་ཅན་གྱི་ཁྱིམ་ཚང་ཞེ་ལྔར་ཕན་བཏགས། ཆ་སྙོམས་ཀྱི་ཁྱིམ་ཚང་རེའི་མང་ཚོགས་ལ་དབུལ་སྐྱོར་མ་དངུལ་སྒོར་སྟོང་གཉིས་རེ་ཐོབ་པས་མང་ཚོགས་ཀྱི་དཀའ་ཁག་སེལ་བ་མ་ཟད། མཚོ་སྔོན་ཞིང་ཆེན་བྱམས་བརྩེ་ཐེབས་རྩ་ཚོགས་པས་སྤྱི་ཚོགས་སྤྱི་ཕན་ལས་དོན་ལ་རྒྱབ་སྐྱོར་དང་དཀའ་ཁག་ཅན་ལ་རོགས་རམ་བྱེད་པ། གཞན་ཕན་བྱ་བ་སྒྲུབ་པ་སོགས་ཀྱི་ཀུན་སྤྱོད་བཟང་བོ་མཚོན་ཡོད་པས་ས་དེའི་རྒྱ་ཆེའི་མང་ཚོགས་ཀྱི་གཟེངས་བསྟོད་ཐོབ་པ་མ་ཟད་བཀའ་དྲིན་ཡང་ཡང་ཞུ་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག