མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཁུལ་གྱིས་བློ་མཐུན་ཀྲང་ཡོན་གྱི་སྔོན་ཐོན་མཛད་རྒྱས་སྙན་ཞུ་ཚོགས་འདུ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲུབ་པའི་བློ་མཐུན་ཀྲང་ཡོན་གྱི་སྔོན་ཐོན་མཛད་རྒྱས་སྙན་ཞུ་ཚོགས་འདུ་ཁུལ་སྤྱི་བདེ་ཅུའུ་གྲོས་ཚོགས་ལྟེ་གནས་སུ་བསྡུས།  ཡུས་ཧྲུའུ་ཁུལ་གྱི་ཁོངས་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་སོ་སོ། སྤྱི་བདེ་དང་ཞིབ་བཤེར། སྲིད་ཁྲིམས་བཅས་ཀྱི་ཉེན་རྟོག་པ། ཡུས་ཧྲུའུ་ཁུལ་ཡན་ལག་དམག་ཁུལ་དང་དྲག་ཆས་ཉེན་རྟོག  མེ་འགོག་དཔོན་དམག་བཅས་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མང་ཚོགས600ལྷག་ཐེངས་འདིའི་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུ་ཚོགས་འདུའི་སྟེང་།  སྨྱན་བྱད་གསར་འགོད་པ་དང་དམག་དཔུང་གི་དཔོན་དམག  ད་དུང་ཀྲང་ཡོན་གྱིས་ཞབས་ཞུ་སྒྲུབ་མྱོང་བའི་ཁེ་ལས་དག་གི་ལས་བཟོ་བ་སོགས་བློ་མཐུན་བདུན་གྱིས་ཁོ་ཚོའི་མྱོང་ཚོར་ལྟར།  རྣམ་པ་མི་གཅིག་པ་དང་། གོ་རིམ་མི་གཅིག་པའི་སྒོ་ནས་བློ་མཐུན་ཀྲང་ཡོན་གྱི་མཛད་རྒྱས་ཕྱིར་དྲན་བྱས་པ་དང་།  མེ་འགོག་ཉེན་རྟོག་དཔོན་དམག་ཞིག་གི་འོད་སྟོང་འབར་བའི་མི་ཚེ་ཐུང་ཐུང་ལྷུག་པོར་བརྗོད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག