མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྒྲིག་འགལ་ངང་མ་མཐའི་འཚོ་བའི་འགན་ལེན་ནང་ཞུགས་མཁན་ཁྲི་6ལྷག་ཙམ་གཙང་བཤེར་ཕྱིར་སློག་བྱས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-12-06 11:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཐབས་ཤེས་སྤྱད་དེ་མ་མཐའི་འཚོ་བ་འགན་ལེན་དངུལ་ལེན་པ་སོགས་ཀྱི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱ་ཆེད།མཚོ་སྔོན་ཞིང་ཆེན་གྱིས་འདི་ལོ་ནས་བཟུང་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་སྡུར་བྱེད་པའི་ལམ་སྲོལ་བཙུགས་ནས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནང་བཅུག་པའི་ཁྱིམ་ཚང་ལ་ཁག་བགོས་ནས་གཙང་བཤེར་དང་ཞིབ་དཔྱད་བསྡུར་བཤེར་བྱས་ཏེ་ཚད་གཞི་མ་ལོན་པའི་མི་གྲངས་68201ལེགས་སྒྲིག་དང་གཙང་བཤེར་ཕྱིར་སློག་བྱས་པ་དེས་ད་ཡོད་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་གྲངས་འཁོར་གྱི་10%ཟིན་ཡོད།འགན་འཁྲི་སྒྲུབ་ནུས་ཞན་པ་དང་།རང་འགན་སྣང་མེད་དུ་འཇོག་པ།འགན་འཛོལ་ཤོར་བ་བཅས་ཀྱི་འབྲེལ་ཡོད་ལས་བྱེད་པ་6ལ་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་རེད།

    འདི་ལོའི་ལོ་འགོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བསྡུར་བྱེད་པའི་ལམ་སྲོལ་བཙུགས་ནས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ནང་བཅུག་པའི་ཁྱིམ་ཚང་ལ་སླར་ཡང་ཐོབ་ཐང་ཞིབ་དཔྱད་བསྡུར་བཤེར་བྱས་པ་རེད།མ་མཐའི་འཚོ་བའི་འགན་ལེན་གྱི་རེ་ཞུ་བྱེད་མཁན་ལ“དེའི་ནང་འཛུལ་བར་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི”བྱ་ཐབས་སྤྱད་པ་རེད།

    མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་འགན་འཁུར་བས་སྔོན་དཔག་བྱས་ན།འདི་ལོའི་ལོ་མཇུག་བར་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་གྲངས་འབོར་དེ་2012ལོའི་མི་གྲངས་ཁྲི་63.5ནས་མི་གྲངས་ཁྲི་56.7བར་ཉུང་དུ་འགྲོ་རྒྱུ་དང་།ལོ་རེར་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་2.2གྲོན་ཆུང་ཐུབ་པ་དེ་དག་ཁྲིམས་མཐུན་ངང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་སྐྱོབ་རོགས་དང་འགན་ལེན་ཆུ་ཚད་ལེགས་སུ་གཏོང་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།

    མིག་སྔར་གྲོང་ཁྱེར་དང་གྲོང་གསེབ་གཅིག་ཏུ་བསྡུས་པའི་གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་ཆ་འཕྲིན་ཐག་གཅོད་དང་རྒྱུ་ནོར་ཞིབ་བསྡུར་དཔྱད་དཔོག་སོགས་ནུས་པ་ཀུན་འཛོམས་ཀྱི་ཆ་འཕྲིན་ཞིབ་བསྡུར་སྟེགས་བུ་མཚོ་སྔོན་དུ་སྐྲུན་བཞིན་ཡོད་པས་ཕྱི་ལོ་འཁོར་སྐྱོད་བྱེད་རེ་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག