ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་དང་།མཚོ་སྔོན་ཞིང་ཆེན་བོད་རུམ(ཚོགས་པ)ཚད་ཡོད་ཀུང་སི།པེ་ཅིང་ཕུའུ་ལུའོ་སྒྲ་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཉེར་བའི་མཚོ་སྔོན་ལག་ཤེས་ཁ་གདན་སྒྱུ་རྩལ་འགྲེམས་ཚོགས་དེ་པེ་ཅིང་ཧྲེང་ཙོ་ཁྱིམ་ཆས་ཇུས་བཀོད་མྱོང་རོལ་ཁང་གི་གོང་མའི་འབྲུ་མཛོད་འགྲེམས་སྟོན་ཁང་དང་798འགྲེམས་སྟོན་ཁང་དུ་དུས་མཉམ་དུ་འགྲེམས་སྟོན་བྱེད་འགོ་ཚུགས་པ་རེད།
མཚོ་སྔོན་ལག་ཤེས་ཁ་གདན་ལ་དམིགས་བསལ་ཁྱད་ཆོས་ལྡན་པའི་དབང་གིས་འཛམ་གླིང་ས་གདན་ཁྲོད་ཀྱི་ཡ་མཚན་ཆེ་བའི་རིན་བྲལ་ནོར་བུ་ལྟ་བུར་བརྩི་ཡི་ཡོད།ད་ཐེངས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དེ་ཟླ་12པའི་ཟླ་མཇུག་བར་རྒྱུན་མཐུད་རྒྱུ་རེད།
རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།