ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚང་འཛོམས་ཚོགས་ཆུང་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
གྲོས་ཚོགས་སྟེང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་བཅས་ཁྱབ་ཁོངས་ཆེན་པོ་ལྔའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཞིབ་ཕྲའི་དམིགས་འབེན་དང་འགན་ཁུར་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་མ་ཟད། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་རྒྱ་ཆེན་པོས་སྤེལ་ནས། བུད་མེད་རྣམས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་རྒྱ་ཆེའི་དུད་ཁྱིམ་དང་བུད་མེད་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་ནས། ལག་ལེན་སྟེང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བྱེད་པའི་ཉེན་ཁ་དང་འགན་འཁྲི་འདུ་ཤེས་ཆགས་སུ་བཅུག་པ་བརྒྱུད། ཧུར་ཐག་སྒོས་ཐྰན་དམའ་བའི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་རྣམ་པ། འཚོ་བའི་གོམས་གཤིས་ཆགས་པར་སྐུལ་སློང་བྱེད་པ་དང་མཛེས་སྡུག་གི་མཚོ་ནུབ་གསར་སྐྲུན་བྱེད་པར་ནུས་ཤུགས་ཕུལ་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།