ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་སྤྱི་ཚོགས་ཚན་རིག་གླིང་རིགས་གཞུང་སྙན་ཞུ་ཁང་དུ་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས4བའི་དགོངས་དོན་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཆེད་དུ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་ཁྲིམས་ལུགས་སྡེ་ཁག་མི་རིགས་ཚོང་ལས་དཔལ་འབྱོར་བཅའ་ཁྲིམས་སློབ་དཔྱོད་ཁང་གི་ཀྲུའུ་རིན་ནམ། ཁྲིམས་ལུགས་རིགས་པའི་འབུམ་རམས་པ་སློབ་དཔོན་ཆེན་མོ་ལིའེ་རུའེ་གདན་ཞུ་བྱས་ཏེ་འཆད་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་བཅས་སྤྱི་ཚོགས་ཚན་རིག་གླིང54ཡི་ཆེད་ལས་མཁས་པ་སོགས་མི140ལྷག་ཐེངས་འདིའི་སྙན་ཞུ་ཚོགས་འདུར་ཞུགས།

ཞིང་ཆེན་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས4བའི་དགོངས་དོན་ཆེད་དོན་སྙན་ཞུ་ཚོགས་འདུ་བསྡུས་པར་སློབ་དཔོན་ཆེན་མོ་ལིའེ་རུའེ་ཡིས་སྙན་ཞུ་ཁྲོད་ཁྲིམས་ལྟར་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཞིར་བཟུང་ནས། སྤྱིའི་དམིགས་འབེན་དང་རྩ་དོན་ལྔ། མ་ལག་ལྔ་དང་ལས་འགན་དྲུག་སོགས་ནང་དོན་བཞི་ཐད་ཁྱོན་ཡོངས་སུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་ནང་སྙིང་འགྲེལ་བཤད་བྱས།
སྙན་ཞུ་ཚོགས་འདུའི་སྟེང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྡེ་ཁག་སོ་སོ་དང་སློབ་ཚོགས་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། དོན་དངོས་གཞིར་བཟུང་ནས་ནན་ཏན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་བྱེད་ཐབས་སྣ་ཚོགས་སྤྱད་དགོས་པ་དང་། ལས་བྱེད་མང་ཚོགས་དང་ཆེད་ལས་མཁས་པ་དག་རྩ་འཛུགས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ནས་ཏང་གི་སྐབས18པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླངས་ཤིག་རྒྱས་སུ་འཇུག་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།