མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་རྩ་ཁྲིམས་དགོངས་དོན་ཤུགས་ཆེར་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་རྩ་ཁྲིམས་ཀྱི་དགོངས་དོན་ཤུགས་ཆེར་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཚོགས་ཐོག་ནས་གཏམ་བཤད་པ་དང་། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་རྒྱལ་ཡོངས་ཀྱི་རྩ་ཁྲིམས་ཉིན་མོ་ཐོག་མ་བསུ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བཟང་བོ་བྱས།

མུའུ་ཏུང་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གི་གཏམ་བཤད་དགོངས་དོན་ལ་སྒོ་ཀུན་ནས་སློབ་སྦྱོང་བྱས་ཏེ་ངེས་ཤེས་ཡང་དག་སྐྱེས་སུ་འཇུག་དགོས་པ་མ་ཟད། ཕྱོགས་ཡོངས་ནས་དེ་གཉིས་ཀྱི་མཛུབ་སྟོན་བསམ་བློ་དང་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བར་འབད་དེ། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་དང་རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གང་ལེགས་ཡོང་བར་བྱས་ནས། རྩ་ཁྲིམས་བཀུར་མཁན་དང་རང་རྟོགས་རང་འགུལ་ངང་རྩ་ཁྲིམས་སྲུང་མཁན། རྩ་ཁྲིམས་ལ་བློ་རྩ་བརྟན་མཁན་བཅས་སུ་འགྱུར་བར་བྱས་མཐར། རྩ་ཁྲིམས་དགོངས་དོན་ཆིག་སྒྲིལ་གྱི་སྟོབས་ཤུགས་གལ་ཆེན་དུ་བརྩིས་ནས། ཟམ་མ་ཆད་པའི་ངང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།

མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། རྩ་ཁྲིམས་ཀྱིས་སྲིད་འཛིན་བྱ་བའི་ཁྱབ་ཁོངས་ཁྲོད་ཀྱི་སྲུང་བྱ་བརྩི་འཇོག་དང་ལག་བསྟར་བྱེད་རྒྱུ་ནི། ས་གནས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་དང་འགན་འཁྲི་གནས་ས་ཡིན་པས། རྩ་ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་ཆོས་ཉིད་གལ་ཆེན་ལ་ངོས་ཟིན་ཡང་དག་འདྲོངས་བར་བྱེད་དགོས་ན། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་དང་རྩ་ཁྲིམས་ཀྱི་འགན་དབང་སྲུང་སྐྱོབ། རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བཅས་ལ་ཡར་སྐུལ་བྱ་རྒྱུ་ནི་ས་གནས་དམངས་ཆེན་ཁག་གི་འགན་ནུས་ཡིན་པར་མ་ཟད།བྱ་བའི་ལས་རིམ་ཡོད་ཚད་ཀྱི་ལྟེ་བ་ལྟ་བུ་ཡིན། ཞིང་ཆེན་ཡོངས་ཀྱི་གཞུང་སྒྲུབ་མི་སྣ་དང་རིམ་པ་སོ་སོའི་དམངས་ཆེན་འཐུས་མི། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཀྱིས་མ་དཔེ་གཞན་སྟོན་གྱི་ཚུལ་གྱིས་སྣེ་ཁྲིད་དེ། རྩ་ཁྲིམས་ལ་སློབ་སྦྱོང་དང་རྩ་ཁྲིམས་ལ་བརྩི་འཇོག རྩ་ཁྲིམས་འགན་དབང་སྲུང་སྐྱོབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག