མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚ་རྫོང་གི་བྱེད་ཐབས་གསར་བའི་ལུག་གསོ་སྤེལ་གྱིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྲོལ་རྒྱུན་ཕྱུགས་ལས་གསོ་སྤེལ་གྱི་རྣམ་པ་བཅོས་སྒྱུར་བྱས་ནས་ལོ་གསུམ་ལ་ལུག་གསོ་སྤེལ་གྱི་བྱེད་ཐབས་གསར་བ་སྤྱད་ནས་ཚོད་ལྟ་བྱས་མཐར། ལུག་གསོ་སྤེལ་གྱི་ཐབས་ལམ་གསར་བ་རྙེད་ནས་འབྲོག་པ་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་གསར་བ་བསྐྲུན།

ལོ་གསུམ་གྱི་སྔོན་དུ། རྐང་ཚ་རྫོང་དང་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་ལས་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། ལུག་གསོ་སྤེལ་གྱི་བྱེད་ཐབས་བཟང་པོ་སྤྱད་དེ། འབྲོག་པའི་ཁྱིམ་ཚང་གསུམ་བདམས་ནས་ཁྱིམ་ཚང་རེ་རེའི་ལུག་ཉིས་བརྒྱ་གསོ་བའི་ཚོད་ལྟའི་བྱ་བ་བཀོད་སྒྲིག་བྱས་པ་དང་། གཞན་ཁྱིམ་ཚང་རེ་རེར་ཁ་གསབ་ལ་རིན་གོང་སྒོར་ཁྲི་གཉིས་ཀྱི་གཟན་ཆས་བྱིན། འབྲོག་པ་ཚོས་ལས་གཞིའི་སྒྲིག་བཀོད་ལྟར་གཟན་ཆས་བཀོལ་སྤྱོད་བྱས་ནས་ལུག་གསོ་སྤེལ་བྱས་ཤིང་། ལོ་གསུམ་ལ་འདི་ལྟར་ལག་ལེན་བྱས་པ་བརྒྱུད། རྐང་ཚ་རྫོང་གི་དེ་སྔོན་གྱི་ཚོད་ལྟའི་ལུག་གསོ་མཁན་གྱི་ཁྱིམ་ཚང་གསུམ་པོའི་ལུག་གི་འཕེལ་ཁ་ལྡབ་འགྱུར་གྱིས་དར་ནས། ས་གནས་མང་ཚོགས་ལ་ལུག་གསོ་སྤེལ་གྱི་བྱེད་ཐབས་གསར་བ་འདོན་སྤྲོད་བྱས་ཏེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྐུལ་ཁྲིད་ཀྱི་ནུས་པ་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག