མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས10བའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་ཚོགས་སམ་སྐབས་བདུན་པའི་ཞིང་ཆེན་ཡོངས་ཀྱི་སྣེ་ཤན་པའི་འགྲན་ཚོགས་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་མི་ཤུགས་ནུས་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི་ལས་བཟོ་བའི་ལས་རིགས་ལག་རྩལ་འགྲན་ཚོགས་སམ་སྐབས་བདུན་པའི་ཞིང་ཆེན་ཡོངས་ཀྱི་སྣེ་ཤན་པའི་འགྲན་ཚོགས་ཟི་ལིང་དུ་སྤེལ་འགོ་བརྩམས།

ལོ་དུ་མའི་རིང་ལ་འཕེལ་རྒྱས་སོང་བ་བརྒྱུད། མིག་སྔར་རང་ཞིང་དུ་སྣེ་ཤན་པའི་ལས་ཀ་གཉེར་མཁན་མི6000ལ་ཟིན་ཡོད་པ་དང་། སྔར་ལས་ལྷག་པར་སྣེ་ཤན་པའི་ལས་རིགས་བྱང་ཚད་མཐོར་འདེགས་སུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ཞིང་ཆེན་གནས་སྐོར་ཅུའུ་ཡིས་གསོ་སྦྱོང་དང་འགྲན་བསྡུར་བྱ་འགུལ་ཐེངས་མང་པོ་བསྡུས་ཤིང་། སྣེ་ཤན་པའི་རྒྱ་སྐད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་དུས་མཚུངས་སུ། དེང་སྐབས་ཕྱི་རྒྱལ་གྱི་གནས་སྐོར་བ་ཇེ་མང་དུ་འགྲོ་བའི་གནས་ཚུལ་དང་བསྟུན།  དབྱིན་ཇི་དང་ཧན་རྒྱལ་ཁབ་ཀྱི་སྐད་ཡིག ཐེ་གོ་རྒྱལ་ཁབ་ཀྱི་སྐད་ཡིག་སོགས་སློབ་སྦྱོང་བྱེད་པར་ཤུགས་བསྣན་པ་དང་། ལས་ཀའི་བར་གྱི་བསམ་བློ་བརྗེ་རེས་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རྒྱུན་འཁྱོངས་བྱས་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག