མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་སློབ་གསོ་ཐིན་གྱིས་དབུལ་ཕོངས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་བྱ་འགུལ་བསྡུས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས1ཉིན་གྲང་ངར་ཧ་ཅང་ཆེནའང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དུ་དྲོད་སྐྱིད་ཀྱིས་ཁེངས་འདུག ཉིན་དེར་ཞིང་ཆེན་སློབ་གསོ་ཐིན་གྱིས་དབུལ་ཕོངས་ས་ཁུལ་ལ་བྱམས་སེམས་ཕུལ་བའི་བྱ་འགུལ་སྤེལ་བ་དང་། ལས་ཁུངས་ཀྱི་ལས་བཟོ་བ་ཡོངས་དང་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་རྒན་ལས་བཟོ་བས་བྱམས་སེམས་ཕུལ་ནས། རང་ཞིང་གི་དབུལ་ཕོངས་ས་ཁུལ་གྱི་སློབ་མ་རྣམས་ལ་དྲོད་འཁོལ་སྦྱིན་པ་རེད།

ཞིང་ཆེན་སློབ་གསོ་ཐིན་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་ལས་བཟོ་བས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབོད་སྐུལ་དང་ལེན་བྱས་ནས། ན་གཞོན་སློབ་མ་རྣམས་བདེ་བླག་ངང་འཚར་ལོངས་བྱུང་བར་འགན་ཁུར་ཡོད་པ་དང་། ཆེད་དུ་བྱམས་སེམས་ཕུལ་བའི་བྱ་འགུལ་རྩ་འཛུགས་བྱས།  ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་བྱམས་སེམས་ཕུལ་བའི་བྱ་འགུལ་ལས་རྒྱ་ཆེའི་ལས་བཟོ་བས་ཡུལ་དངོས་སུ་སྒོར་མོ་ཞལ་འདེབས་སུ་ཕུལ་བ་མ་ཟད། ཞིང་ཆེན་སློབ་གསོ་ཐིན་གྱིས་ད་དུང་གློག་རྡུལ་ཧྥེང་ཆེན་ཞལ་འདེབས་སུ་ཕུལ་བ་རེད། ཞལ་འདེབས་སུ་ཕུལ་བའི་སྒོར་མོ་དང་དངོས་ཟོག་ཚང་མ་གུང་གཞོན་ཚོགས་པ་མཚོ་སྔོན་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་སྒོས་ཉོ་སྒྲུབ་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་སློབ་མར་འགྲེམ་གཏོང་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག