མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་སྒོ་ཀུན་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་དུང་བརྡ་བསྒྲགས་མ་ཐག སྤྱི་ཚོགས་ལས་རིགས་སོ་སོའི་ཁྱབ་ཁོངས་ལ་དྲག་འགུལ་ཆེན་པོ་ཐེབས། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཚགས་ཤོག་དང་བརྙན་འཕྲིན། རྒྱང་སྒྲོག དྲ་རྒྱ་སོགས་ཀྱི་ལམ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་ཡང་དག་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཁྲིམས་ལྟར་མཚོ་སྔོན་སྐྱོང་བར་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ཐད་བཀོད་སྒྲིག་ལེགས་པོ་བྱས་ཡོད་པར་འདོད་པ་མ་ཟད། ད་དུང་དངོས་ཡོད་ལ་ཕན་པའི་ཐབས་ཇུས་སྣ་མང་འཐེན་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ། རང་གི་ལས་རྐང་དངོས་ནས་མགོ་བརྩམས་ཏེ། སྒོ་ཀུན་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་གཞིར་ཡར་སྐུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བར་མཁོ་བའི། ཡིད་ཆེས་བརྟན་པོ་དང་འགྱུར་མེད་ཆོད་སེམས་གསོ་སྐྱོང་གང་ལེགས་བྱས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཧའོ་ཧན་གྱིས་བསམ་ཚུལ་བཏོན་ནས་བཤད་རྒྱུར། དེ་རིང་ནས་བཟུང་རང་འགུལ་སྒོས་ལས་དོན་ཅི་ཡོད་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་སྒོའི་ཁྲོད་བཞག་ནས། ཁྲིམས་སྐྱོང་བསམ་གཞིག་དང་བྱེད་ཐབས་གཉིས་ཀྱི་འབྲེལ་བ་སྐྱོན་མེད་ཀྱི་སྒོ་ནས་ལེགས་བཅོས་བྱས་ཏེ། ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ལས་རིམ་ཧྲིལ་བོའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཞུགས་རྒྱུའི་འདུན་པ་ཆེ་ཟེར། དེ་མིན་ད་དུང་ཟི་ལིང་གྲོང་ཁྱེར་བདུན་གཅིག་གཞིས་ཁུལ་ནུབ་མའི་ཏང་ཨུ་ཧྲུའུ་ཅི་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཉིས་ཀྱི་འགན་གཅིག་ལྕོགས་འཁུར་མཁན་གྱི་ཀྲུའུ་རིན་ཀྲང་ཝེ་ཡུན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གུང་གཞོན་ཚོགས་པའི་ཧྲུའུ་ཅི་གཞོན་པ་ཀའོ་ཧྥིན་སོགས་ཀྱིས་ཁྲིམས་སྐྱོང་དང་འབྲེལ་བའི་སྐོར་ནས་སོ་སོའི་ལྟ་ཚུལ་བཏོན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག