མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་ལས་འགུལ་གྱི་ལས་རིམ་ཧྲིལ་བོར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་རང་བཞིན་གྱི་ཏང་རྩ་འཛུགས་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྲུན་བྱ་བའི་འོས་འགན་ལམ་ལུགས་དོན་དངོས་ལྟར་ལག་བསྟར་མཐའ་འཁྱོལ་ཡོང་བ། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མཐོ་སྒང་གི་སྔོན་བསྐྱོད་ཏང་འཛུགས་སྐྲུན་བཅས་བྱ་ཆེད། ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ཚེས་གཉིས་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་ལས་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅོན་ལྟ་སྦྱོང་ལས་འགུལ་གྱི་ལས་རིམ་ཧྲིལ་བོའི་ཁྲོད་དུ་ཟབ་ཞུགས་བྱས།

ཝང་ལིན་ཅོན་གྱིས་ཡུལ་དངོས་ལྟ་སྦྱོང་བྱ་བར་ཡིད་འཇོག་ཆེན་པོ་བྱས་པ་མ་ཟད། གཞི་རིམ་ཏང་འཛུགས་སྐྲུན་གྱི་ལས་དོན་གཉེར་མཁན་རྣམས་ཀྱིས། དཀའ་སྤྱད་འབད་འཐབ་དང་རྒྱུན་འཁྱོངས་ལྷོད་མེད་སྒོས། གཞི་རིམ་ཏང་གི་ཉམས་མེད་མཚན་སྙན་འཛུགས་སྐྲུན་ལས་སྒོ་དེ་ཏང་ཡོན་རྡོག་རྩ་ཆིག་སྒྲིལ་དང་། གཞི་རིམ་མང་ཚོགས་ལ་ཞབས་ཞུ་བྱེད་པའི་གོ་ཆོད་སྟེགས་བུ་ཞིག་ཏུ་འགྱུར་བར་བརྩོན་དགོས་པ་མ་ཟད། དེ་ནི་གཞི་གསུམ་འཛུགས་སྐྲུན་བྱ་བའི་ཤུགས་འདོན་ས་གཙོ་བོ་རུ་འགྱུར་ཐུབ་པ་བྱ་དགོས་ཟེར།

བྱ་འགུལ་ཁྲོད་དུ། ལས་ཞུགས་ཁོངས་མི་རྣམས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་བཅས་ཀྱི་འབྲེལ་ཡོད་སྡེ་བ་དང་གཞིས་ཁུལ་སོགས་ལ་དངོས་སུ་སོང་ནས། ཡུལ་དངོས་ནས་ཞིང་སྡེ་ཏང་འཛུགས་སྐྲུན་དང་ཏང་ཡོན་སློབ་གསོ་དོ་དམ། སྡེ་བའི་ཐུན་མོང་དཔལ་འབྱོར་འཛུགས་སྐྲུན། གཞིས་ཁུལ་ཏང་འཛུགས་སྐྲུན་བཅས་ཀྱི་བྱ་བའི་ཁྱབ་ཁོངས་སོ་སོའི་བྱེད་ཐབས་གསར་བ་དང་ལག་ལེན་ཉམས་མྱོང་ལ་ལྟ་སྦྱོང་བྱས། ཁོངས་མི་ཚང་མས་ཐེངས་འདིའི་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་ལ་བརྗོད་དོན་གསལ་ཞིང་། ནང་དོན་སྣ་མང་ཕུན་སུམ་ཚོགས་པ། ལྟ་སྦྱོང་བྱ་ཡུལ་སྔར་མེད་གསར་རྐྱང་ཡིན་པ། ཉམས་མྱོང་གསར་བ་བསྡུ་ལེན་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཟེར། ཐེངས་འདིའི་ལྟ་སྦྱོང་ལས་འགུལ་བརྒྱུད་དེ། ལྟ་རྒྱ་ཐོས་རྒྱ་སྔར་ལས་ཆེར་བསྐྱེད་ནས། མ་འོངས་བའི་ལས་དོན་སྒྲུབ་སྟངས་ཐད་བློ་སྒོ་གསར་བ་དང་ཐབས་ཇུས་གསར་བ་འདོན་སྤྲོད་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག