མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་སྤེལ་སྐྱེད་སྲིང་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་སྤེལ་སྐྱེད་སྲིད་རྟེན་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་། སྡེ་ཁག་སོ་སོས་ལས་སྐྲུན་པ་དང་མཉམ་དུ་ལག་ལེན་གྱི་ཕུགས་འདུན་སྟེགས་བུ་ཞིག་སྐྲུན་ནས། གསོ་སྦྱོང་དང་སྣེ་ཁྲིད་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། ལས་སྐྲུན་མཁན་གྱི་མཐོང་རྒྱ་སྐྱེད་པ་དང་། འདུ་ཤེས་བསྒྱུར་བ། སྤོབས་པ་ཆེན་པོས་ལག་ལེན་བྱེད་པ། རང་འགུལ་གྱིས་ལས་སྐྲུན་བྱས་ཏེ། སྔ་མོ་ནས་རང་ཉིད་ཀྱི་སེམས་གཏིང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཅན་ཅོན་སོགས་སྔ་གཞུག་ཏུ་མཁར་དཀྱིལ་ཆུའུ་ཡི་སློབ་གྲྭ་ཆེན་མོ་བའི་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་དང་། ཟི་ལིང་གྲོང་ཁྱེར་ལས་སྐྲུན་སྐྱེད་སྲིང་རྟེན་གཞི། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གྲྭ་ཆེན་མོ་བའི་ལས་སྐྲུན་སྐྱེད་སྲིང་རྟེན་གཞིར་སོང་། ཝང་ཅན་ཅོན་གྱིས་ནན་ཏན་སྒོས་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། མཚོ་སྔོན་དབྱི་ཡེ་ཁེ་ལས་ཚད་ཡོད་ཀུང་ཟི་སོགས་ཀྱི་འཐུས་ཚབ་ཁེ་ལས་ཀྱི་ལས་སྐྲུན་པ་དང་མཉམ་དུ་བརྗེ་རེས་བྱས།

ན་གཞོན་ལས་སྐྲུན་པ་རྣམས་དང་མཉམ་དུ་ལས་སྐྲུན་གཏམ་རྒྱུད་ལ་ཉན་རྗེས། ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་དང་། ལས་སྐྲུན་བརྒྱུད་རིམ་ཁྲོད་དུ་ཐུག་པའི་དཀའ་ཁག་དང་དེ་མིན་ལས་སྐྲུན་སྐུལ་ཁྲིད་ནུས་པའི་གནས་ཚུལ་བཅས་ལ་ཞིབ་འདྲི་བྱས་པ་དང་། ན་གཞོན་ལས་སྐྲུན་པས་དཀའ་ཁག་ཡོད་ཚད་སེལ་དགོས་པ་དང་། ལས་སྐྲུན་གསར་གཏོད་བྱས་ནས། སྔ་མོ་ནས་གྲུབ་འབྲས་བླངས་ཏེ་སྤྱི་ཚོགས་ལ་བྱས་རྗེས་འཇོག་པར་བརྩོན་ལེན་བྱེད་དགོས་ཟེར།

ཟི་ལིང་གྲོང་ཁྱེར་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་དེ་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་བཀོལ་སྤྱོད་བྱེད་མགོ་རྩོམ་རྒྱུ་ཡིན་པ་དང་། དེས་རིགས་མི་འདྲ་བའི་ལས་སྐྲུན་པར་ལས་སྐྲུན་སྐྱེད་སྲིང་དང་། ལས་སྐྲུན་བློ་འདོན་ཞབས་ཞུ། ལས་སྐྲུན་གསོ་སྦྱོང་། མ་དངུལ་ཉུང་ཙམ་བསྐྱི་བའི་བར་འདུག་སོགས་ཕྱོགས་ཡོངས་དང་།ས་ཚིགས་གཅིག་ཅན་གྱི་ཞབས་ཞུ། ལས་སྐྲུན་པ་སྟོང་གཅིག་དང་། ལས་སྐྲུན་སྐུལ་ཁྲིད་ལས་ཞུགས་མི་སྟོང་བརྒྱད་ཞུགས་ཆོག ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ནུས་པ་ཆ་ཚང་ཞིང་། ཆགས་སྟངས་འོས་མཐུན་ཡིན་པའི་ལས་སྐྲུན་སྐྱེད་སྲིང་རྟེན་གཞི་འཛུགས་པ་དང་། ལས་སྐྲུན་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལས་སྐྲུན་བྱ་བར་རོགས་སྐྱོར་བྱེད་པ་དང་། ལས་ཞུགས་བྱ་བ་ཡར་སྐུལ་བྱེད་རྒྱུ་ནི། ཟི་ལིང་གྲོང་ཁྱེར་གྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་སྐྲུན་ལས་ཞུགས་བྱ་བ་ཡར་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། མཐོ་རིམ་མཐར་ཕྱིན་སློབ་མ་སྐྱེད་སྲིང་ལས་སྐྲུན་སྙིང་སྟོབས་ཡར་སྐུལ་བྱས་ནས། ལས་སྐྲུན་ནུས་པ་ཇེ་མཐོར་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཀྱང་རེད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག