མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་སློབ་གསོ་ཐིན་གྱི་འགོ་ཁྲིད་མཚོ་སྔོན་ཆུ་གློག་ལག་རྩལ་སློབ་གླིང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-03 11:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་དག་སློབ་གསོ་ཐིན་ལས་རིགས་ལག་རྩལ་ཁྲུའུ་ཡི་འགོ་ཁྲིད་དག་གིས་འགྲོ་རོགས་ཀུང་ཟིའི་ལག་རྩལ་སློབ་གླིང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ལག་རྩལ་སློབ་གླིང་གི་ཡོན་ཀྲང་ལའོ་ཧེ་མིན་དང་། ཏང་ཨུའི་ཧྲུའུ་ཅི་ཅང་ཅེན་ཕིན་སོགས་གྱིས་འབྲེལ་ཡོད་འགོ་ཁྲིད་ལ་ཉེ་ལམ་སློབ་གླིང་གི་བྱ་བ་སོ་སོའི་གནས་ཚུལ་ཡར་ཞུ་བྱས།

ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་ཁྲིད་དག་སྔ་གཞུག་ཏུ་ལག་རྩལ་སློབ་གླིང་གི་དངོས་སྦྱོང་བཟོ་གྲྭའི་ཚ་ལའི་ཆེད་ལས་དང་འཕྲུལ་ཆས་ཞིག་གསོ་ཆེད་ལས། ཆུ་ལས་བཟོ་འགོད་ཆེད་ལས་དང་གློག་ཤུགས་ཆེད་ལས་སོགས་ལག་ལེན་འཁོར་ཁང་དུ་སོང་ནས་སློབ་ཁྲིད་ཀྱི་སྒྲིག་ཆས་སྣ་ཚོགས་ལ་ལྟ་སྐོར་བྱས་པ་མ་ཟད། སློབ་གླིང་འདིའི་ཚ་ལའི་འཕྲུལ་ཆས་མི་དང་རླངས་འཁོར་དངོས་སྤྱོད་དང་ཞིག་གསོ་སོགས་སློབ་ཁྲིད་བྱེད་སྟངས་བཅས་ལ་རྒྱུས་ལོན་བྱས།  ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་ཁྲིད་དག་གིས་ལྟ་སྐོར་བྱེད་ཞོར་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མར་སློབ་སྦྱོང་གི་གནས་ཚུལ་དང་སློབ་གླིང་འདིའི་ལོ་ངོ60ལྷག་གི་འཕེལ་རྒྱས་རྒྱུད་རིམ་ལ་རྒྱུས་ལོན་བྱས།

ཞིང་ཆེན་སློབ་གསོ་ཐིན་གྱི་འགོ་ཁྲིད་དག་གིས་མཚོ་སྔོན་ཆུ་གློག་ལག་རྩལ་སློབ་གླིང་བཙུགས་པའི་ལོ་རྒྱུས་རིང་ཞིང་།  ཆེད་ལས་དངོས་སྦྱོང་སྒྲིག་ཆས་སྔོན་ཐོན་ཡིན་པ། བསླབ་བྱ་བཀོད་སྒྲིག་ཧ་ཅང་ལེགས་པ་དང་སློབ་མའི་སློབ་སྦྱོང་བྱེད་པའི་ནུས་ཤུགས་ཀྱང་ལེགས་པས།  ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་སྡེ་ཁག་ལས་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་རེད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག