མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་ཞིང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་བསྡུས།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-03 11:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་ཐེངས55པའི་ཞིང་སྡེའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ཚོགས་འགོ་བརྩམས་པ་དང་།  ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་སྡེ་ཁག་གི་ཞིང་སྡེའི་སྨན་པ105གནས་འདིར་ཡོང་ནས་དུས་ཡུན་གཟའ་འཁོར་གཉིས་རིང་ལ་རིན་མི་དགོས་པར་གསོ་རིག་ཕྱོགས་ཀྱི་ཤེས་བྱ་གསོ་སྦྱོང་དང་ལེན་བྱས་པ་རེད།

ཉེ་བའི་ལོ་འགའི་རིང་།  རོང་འབྲོག་ས་ཁུལ་གྱི་མང་ཚོགས་རྣམས་སྨན་བཅོས་བྱེད་དཀའ་བ་ནི་སྔར་བཞིན་རང་ཞིང་གི་སྨན་བཅོས་བྱ་གཞག་ཁྲོད་ཀྱི་གནད་དོན་ཡིན་པ་དང་། ཞིང་སྡེའི་སྨན་པའི་ལས་འགན་ཧ་ཅང་ལྗིད་མོ་ཡིན། ཐེངས་འདིར་ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་རིན་མི་དགོས་པར་གསོ་སྦྱོང་རྣམ་གྲངས་སྤེལ་བ་ནི་མུ་མཐུད་དུ་ཞིང་སྡེའི་སྨན་པའི་སྨན་བཅོས་ལག་རྩལ་ཇེ་མཐོར་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སྨན་པ་དག་གི་ཤེས་རྒྱ་ཇེ་ཡངས་སུ་བཏང་སྟེ། སྔར་ལས་ལྷག་པར་ས་དེའི་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་ཞབས་ཞུ་སྒྲུབ་པའི་ཆེད་ཡིན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་རང་ཞིང་དུ་བསྡུས་པའི་སྐབས་གསུམ་པའི་གསོ་སྦྱོང་འཛིན་གྲྭ་ཡིན་པ་དང་།  ཆང་ཧྲིན་སྨན་བཅོས་སྒྲིག་ཆས་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་བ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྩ་འཛུགས་བྱས་ནས་སྒྲུབ་པ་ཡིན་ལ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་གསོ་སྦྱོང་བྱེད་པའི་འགན་ཁུར་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག