
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་དགུན་ཁར་གཅེས་སེམས་འབུལ་བའི་བྱ་འགུལ་ནན་ཏན་སྒོས་སྤེལ་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཟླ11པའི་ཚེས28ཉིན2014ལོའི་དགུན་ཁར་གཅེས་སེམས་འབུལ་བའི་གཅིག་གྱུར་གྱི་ཞལ་འདེབས་ཉིན་མོའི་བྱ་འགུལ་སྤེལ།
བྱ་འགུལ་ཁྲོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་ཚོགས་མི། མཐོ་རིམ་སློབ་གྲྭ ཁེ་ལས། ལས་ཁུངས། ལས་དོན་སྡེ་ཁག གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་བས་ལང་ལོང་གིས་ཞལ་འདེབས་ཕུལ་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་གི་སློབ་ཆུང་ཉེར་བདུན་ལ་གཅེས་སེམས་ཕུལ། དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་ཁེ་ལས། ལས་ཁུངས་ཀྱིས་ཀྱང་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ་ནས། ཧུར་ཐག་གིས་དབུལ་ཕོངས་ས་ཁུལ་གྱི་ན་གཞོན་ལོ་ཆུང་རྣམས་ལ་གཅེས་སེམས་ཕུལ་ནས། ཉིན་དེར་ཞལ་འདེབས་སྒོར་མོ་ཁྲི་གཉིས་ལྷག་ཞལ་འདེབས་སུ་ཕུལ། བྱ་འགུལ་ཡུལ་དངོས་སུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧྲིན་ཧོང་ཞིན་གྱིས་ཞལ་འདེབས་ཕུལ་བའི་སྡེ་ཁག་དང་མི་སྒེར་ལ《རེ་བཞག་བཟོ་སྐྲུན་གྱི་ཞལ་འདེབས་ཕུལ་བའི་དཔང་ཡིག》གནང་།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སློབ་གསོ་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མུ་མཐུད་དུ་གཅེས་སེམས་འབུལ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། མི་འགྱང་བར་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་དབུལ་ཕོངས་རྫོང་གི་སློབ་ཆུང25དང་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དབུལ་ཕོངས་རྫོང་གི་སློབ་ཆུང27གྱི་སློབ་མ4500ལ་དགུན་ལྭ་སྟེར་རྒྱུ་ཡིན་པ་དང་ཁོ་ཚོར་དྲོད་འཁོལ་བསྐྱལ་བ་རེད། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།