མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁྲག་སྦྱིན་གཏོང་བའི་བྱ་བར་གྲུབ་འབྲས་གསར་བ་བླངས།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-02 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཁྲག་གི་བདེ་འཇགས་དོ་དམ་བྱ་བར་གཏན་འཇགས་ངང་སྐུད་འདེད་བཏང་སྟེ། རིན་མི་ལེན་པར་ཁྲག་སྦྱིན་པ་དང་། ཁྲག་གི་བདེ་འཇགས། ཁྲག་གི་རྒྱུ་སྤུས་དོ་དམ་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་བླངས། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཅུ་ལ་རིན་མི་ལེན་པར་ཁྲག་སྦྱིན་པའི་ཁྲོད་དུ་སྤྱི་དམངས་ཀྱིས་རང་འགུལ་གྱིས་ཁྲག་སྦྱིན་ཚད100%བསླེབས། ད་ལྟའི་བར་དུ། ཟི་ལིང་གྲོང་ཁྱེར་ནས་མི་ཁྲི31595ཡིས་ཁྲག་སྦྱིན་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྲག་སྦྱིན་གཏོང་བའི་བྱ་བར་གྲུབ་འབྲས་གསར་བ་ཐོབ།

ཁྲག་སྦྱིན་གཏོང་མཁན་གྱི་བསམ་ན་རིན་མི་ལེན་པར་ཁྲག་སྦྱིན་གཏོང་བ་ནི་གཞན་གྱི་ཚེ་སྲོག་སྐྱབས་བའི་ཆེད་ཡིན་པ་དང་། རང་ཉིད་ཀྱི་ཁྲག་རྒྱུན་རིན་མི་ལེན་པར་སྤྱི་ཚོགས་སྤྱི་ཕན་བྱ་གཞག་ལ་ཕུལ་བར་མི་མང་པོ་ཞིག་སྲོག་ཉེན་ལས་ཐར་ཐུབ། གསར་འགོད་པས་ད་ལོའི་ཁྲག་སྦྱིན་གཏོང་ས་རུ་རྒྱུས་ལོན་པ་ལྟར་ན།  ཁྲག་སྦྱིན་གཏོང་ས་བཙུགས་ནས་ད་ལྟའི་བར་བསྡོམས་པས་མི4801ལྷག་ཁྲན་སྦྱིན་གཏོང་བའི་སྤྱི་ཕན་བྱ་འགུལ་སྟེང་ཞུགས་པ་དང་།  ལོ་ཡོངས་སུ་ཁྲན་རྒྱུན་བསྡུ་ལེན་བྱེད་པའི་མི་གྲངས་ཀྱི21.5%ཟིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག