མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་མཚོ་སྔོན་ཞིང་ཆེན་གྱི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-02 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་མཚོ་སྔོན་ཞིང་ཆེན་གྱི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས་རེ་ལྔ་བའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། “གཞི་གསུམ”འཛུགས་སྐྲུན་གྱི་ལོ་གཉིས་རིང་གི་བྱ་བའི་ལས་འགན་གལ་ཆེན་དང་། སྲོལ་ངན་བཞིའི་དག་ཐེར་གཏིང་ཟབ་ཏུ་སྤེལ་བ། སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་བཅས་ལ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའི་ཞོར་དུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་མཁན་ཝང་ལིན་ཅོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་བསྟན་དོན། “གཞི་གསུམ”འཛུགས་སྐྲུན་གྱི་ལོ་གཉིས་རིང་གི་ལས་འགན་གལ་ཆེན་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གཞི་རིམ་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། “གཞི་གསུམ་འཛུགས་སྐྲུན་དེ་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བར་ཟུང་དུ་སྦྲེལ་བ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དེ་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཟུང་དུ་སྦྲེལ་བ། ཁྲིམས་སྐྱོང་བསམ་ཕྱོགས་དང་བྱེད་ཐབས་གཉིས་གཞི་གསུམ་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་སྦྲེལ་བ་དང་། རུལ་སུངས་ལ་ཆམ་ཕབ་གཏོང་བ་དེ“གཞི་གསུམ”འཛུགས་སྐྲུན་གྱི་གོ་རིམ་ཡོངས་སུ་སྦྲེལ་བ། ཚན་རིག་དོ་དམ་བྱ་བར་ཤུགས་སྣོན་པ་དེ་གཞི་གསུམ་འཛུགས་སྐྲུན་གྱི་ཐབས་ལམ་གལ་ཆེན་དུ་བརྩི་བ་བཅས་བྱས་ཏེ། བྱ་བའི་ལམ་ཕྱོགས་དང་། སྟོབས་ཤུགས། དངོས་འབེབས་བཅས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་རྒྱུན་སྲོལ་ཅིག་ཆགས་པར་བྱེད་དགོས་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། སློབ་གསོའི་ལག་ལེན་བྱ་འགུལ་གྱི་དག་ཐེར་དང་དངོས་འབེབས་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། དག་ཐེར་དམ་བཅའ་ལག་བསྟར་བྱས་ཏེ། གནད་དོན་རེ་རེ་བཞིན་ཐག་གཅོད་དགོས་པ་དང་། བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུན་རིང་ཕན་པའི་ནང་རྐྱེན་འཛུགས་དགོས་ལ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་དགོས་པ་དང་། མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་ཁུར་བོ་ཇེ་ཡང་དུ་བཏང་ནས། སྤྱོད་སྟངས་འཛུགས་སྐྲུན་གྱི་རྒྱུན་སྲོལ་ཅིག་ཆགས་པར་བྱེད་དགོས་ཟེར།  །   

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག