མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་གསུམ་འཛུགས་སྐྲུན་གྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:51

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་གསུམ་འཛུགས་སྐྲུན་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་བསྡུས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མི་འགྱང་བར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་ཡིན་པའི་ཆ་ནས་གཞི་གསུམ་འཛུགས་སྐྲུན་གྱི་ཡུན་གཏན་གྱི་བརྗོད་བྱ་རུ་གྱུར་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བོད་ཁུལ་གསར་བར་བསྒྱུར་བ་དང་། ཚན་རིག་འཕེལ་རྒྱས་ཀྱི་བོད་ཁུལ་གསར་བ། འཆམ་མཐུན་གཏན་འཇགས་ཀྱི་བོད་ཁུལ་གསར་བ། བདེ་སྐྱིད་ཀུན་འཛོམས་ཀྱི་བོད་ཁུལ་གསར་བ་བཅས་གསར་བ་བཞི་དང་། བོད་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་། བོད་ཁུལ་གྱི་བསམ་པའི་རིག་གནས་འཛུགས་སྐྲུན་གྱི་མཐོ་ཚད་གཉིས་སྟེ། གསར་བ་བཞི་དང་མཐོ་ཚད་གཉིས་དམིགས་འབེན་དུ་བཟུང་ནས་གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤྱིའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག