མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་དང་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་དང་ལས་ཁུངས་སོ་སོས་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་དང་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། མཚོ་སྔོན་མི་རིགས་སློབ་ཆེན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས་པ་མ་ཟད། ཚང་མས་ལང་ལོང་སྒོས་བལྟས་ན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་དང་། ལག་བསྟར་བཟང་བོ། དངོས་འབེབས་བཟང་བོ་བྱེད་རྒྱུ་ནི། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། ཡང་དག་པའི་སྒོ་ནས་བསམ་པའི་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་ངོས་ཟིན་གཅིག་གྱུར་དང་། ལས་གནས་ཀྱི་བྱ་བར་རྐང་བཙུགས་ནས། དོན་དངོས་ཀྱི་བྱ་སྤྱོད་ལྟར་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་སྐྱེ་ཁམས་དཔལ་ཡོན་སྤེལ་བའི་བྱ་བ་ཕྱོགས་ཡོངས་ནས་གོང་དུ་སྤེལ་དགོས་སྙམ།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག