མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་སྐབས18པའི་ཚང་འཛོམས་གྲོས་ཚོགས་ཐེངས4པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས7པའི་སློབ་སྦྱོང་དང་སྒྲོག་སྦྱོང་བྱེད་པའི་བྱ་འགུལ་མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་ནས་གཏིང་ཟབ་ཏུ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-01 11:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་སྒྲོག་སྦྱོང་བྱེད་པའི་སྒྲོག་སྦྱོང་མི་སྣས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་ཆེད་དོན་སྙན་ཞུ་ཕུལ་ཏེ། ས་དེའི་ལས་བྱེད་པ་དང་མང་ཚོགས་ཤན་ཤུགས་ཆེན་པོ་ཐེབས། ཚང་མས་བསྟན་དོན། ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས་ཟེར།

ཞིང་ཆེན་ཡོངས་ཀྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་སྒྲོག་སྦྱོང་བྱེད་པའི་ཁོངས་མི་རྣམས་ཀྱིས་བལྟས་ན། ནན་ཏན་སྒོས་སློབ་སྦྱོང་བྱས་ནས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་མཛུབ་སྟོན་དུ་བརྩིས་ནས། རྒྱུན་ཆད་མེད་པར་རང་ཉིད་ཀྱི་བྱ་བའི་བསམ་བློ་དང་བྱེད་ཐབས་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་བཏང་ནས། སློབ་སྦྱོང་གི་གྲུབ་འབྲས་བཀོལ་ཏེ་རྒྱུན་ཆད་མེད་པར་བྱ་བ་སྣ་ཚོགས་ལ་ཡར་སྐུལ་བྱེད་དགོས་སྙམ།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག