མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་སྟོང་དོན་གཉེར་བའི་གྲོས་ཚོགས་བསྡུས་པ་ཧྲིན་ཀྲང་ཧའོ་ཕིན་གྱིས་གཏམ་བཤད།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-01 11:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས27ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་སྟོང་དོན་གཉེར་བའི་གྲོས་ཚོགས་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལ་སྔར་ལས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། 2015ལོའི་བྱ་བར་ཞིབ་འཇུག་དང་འཆར་འགོད་བྱེད་པ་བཅས་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ལོ་ཡུས་ལིན་དང་མཱ་ཧྲོན་ཆིན། ཝང་ཞའོ། ཀྲང་ཅན་མེན། ལིག་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཀའོ་ཧྭ་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ནས་གཏམ་བཤད་སྤེལ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག ཐད་གཏོགས་ལས་ཁུངས་དང་ཞིབ་འཇུག་ཁང་། ལྟ་ཞིབ་ཁང་གི་འགན་ཁུར་མི་སྣ་གཙོ་བོ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ཉེར་གཅིག་གི་འགན་ཁུར་བློ་མཐུན་གྱིས་སྨྱན་བྱད་ཀྱི་རྣམ་པ་སྤྱད་དེ། གཙོ་བོ་སང་ལོའི་བྱ་བའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོ། ལས་གཞི་གཙོ་བོ་བཅས་ལ་དམིགས་ནས་གཏམ་བཤད་སྤེལ་བ་དང་། ཧའོ་ཕིན་དང་ཏང་ཙུའུ་བློ་མཐུན་གྱིས་མཚམས་རེར་གནས་ཚུལ་གསལ་བོར་འདྲི་བ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། སྡེ་ཁག་ཕན་ཚུན་བར་བརྗེ་རེས་ནན་མོ་བྱེད་པ་དང་ཞིབ་བསྡུར་བྱེད་པ། ཕན་ཚུན་ལ་སྐུལ་འདེད་བྱས་ནས་གྲུབ་འབྲས་བཟང་བོ་བླངས། ཚོགས་ཞུགས་བློ་མཐུན་ཚོས་མཐའ་གཅིག་ཏུ། ཐེངས་འདིའི་ཚོགས་འདུའི་རྣམ་པའི་སྟེང་ནས་སྟོང་དོན་གཉེར་བའི་གྲོས་ཚོགས་ཡིན་ན་ཡང་། ནང་དོན་ཐད་ནས་དངོས་དོན་གཉེར་བ་དང་། ཉིན་གསུམ་རིང་གི་བློ་བསྡུས་དགེ་འཚོལ་བརྒྱུད་དེ། ཚང་མའི་སྤྱི་ཡོངས་ཀྱི་བྱ་བའི་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བ་དང་། གནས་བབ་ལ་ངོས་འཛིན་ཟབ་མོ་བྱེད་པ། བསམ་བློ་གཅིག་གྱུར་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། གོ་རིམ་རྗེས་མའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་འཆར་འགོད་དང་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚོགས་ཐོག་ནས་བསྟན་དོན། 2015ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཐབ་རྩོད་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཁུལ་གསུམ་འཛུགས་སྐྲུན་གྱི་ལོ་གསུམ་གྱི་དུས་རིམ་དམིགས་འབེན་ཡོངས་འགྲུབ་བྱེད་པའི་ལོ་ཡིན་པས། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ན། འཕེལ་རྒྱས་ཀྱི་ལས་འགན་དང་པོ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་འཚོ་རྒྱུན་མཐུད་ནས་ལེགས་བསྒྱུར་བྱེད་པ། མྱུར་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་ཆེན་པོར་རྒྱུས་ལོན་བཟང་བོ་བྱེད་པ་དང་། བཅོས་བསྒྱུར་གསར་སྤེལ་དང་ཁྲིམས་ལྟར་སྲིད་འཛིན་རྒྱུ་དེ་ཁྱབ་ཁོངས་སོ་སོ་དང་བྱ་བ་སོ་སོའི་ཁྲོད་ཁྱབ་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་གཏན་འཇགས་སུ་གཏོང་བ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། མཁར་གྲོང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དམངས་ཕན་སྲིད་ཇུས་བཀོལ་སྤྱོད་བྱེད་ཚད་ཇེ་ཆེར་གཏོང་བ། ནུས་པ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོ་དང་གནད་འགག་བྱ་བ་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་ཚད་མཐའ་གཏན་འཇགས་སུ་བཏང་སྟེ། ཧུར་ཐག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་ཚུལ་སྔར་ལས་ཇེ་ལེགས་དང་། རྒྱུ་སྤུས་སྔར་ལས་ཇེ་བཟང་། རྗེས་ཤུགས་སྔས་ལས་ཇེ་ཆེར་གཏོང་དགོས་ཟེར།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག