མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པའི་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་དགོས་པར་ནན་གྱིས་བསྟན།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-01 11:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ནང་ཁུལ་གྱི་ལྟ་སྐུལ་ཆོད་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག དངོས་འབེབས་བཅས་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པའི་སློབ་གསོ་ལྟ་རྟོག་དོ་དམ་བྱ་བར་ཤུགས་བསྣན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་རུང་ལ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པས་ངེས་པར་དུ“གཟབ་ནན་བཞི”ལྟར་བྱ་བ་བསྒྲུབ་དགོས་པ་སྟེ་སློབ་གསོའི་སྟེང་གཟབ་ནན་དང་དོ་དམ་སྟེང་གཟབ་ནན། ལྟ་རྟོག་སྟེང་གཟབ་ནན། ཞིབ་བཤེར་སྟེང་གཟབ་ནན་བཅས་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནང་ཁུལ་གྱི་ལྟ་རྟོག་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གཟབ་ནན་གྱིས་ལས་གནས་གཅིག་སྟེང་གི་འགན་འཁྲི་གཉིས་ལག་བསྟར་བྱས་ནས་ནང་ཁུལ་ནས་ཧུར་ཐག་སྒོས་སྡེ་ཁག་རང་གི་ལས་བྱེད་པའི་ཉིན་རྒྱུན་གྱི་དོ་དམ་ལྟ་རྟོག་བྱ་བ་དམ་འཛིན་བྱས་ནས་ལྟ་རྟོག་བྱེད་པའི་ཕྱོགས་བསྡུས་སྟོབས་ཤུགས་ཤིག་གྲུབ་པར་བྱེད་དགོས།

གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སོ་སོ་དང་། མཚོ་སྔོན་ཞིང་ཆེན་སྐོར་སྐྱོད་ལས་ཁུངས་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོ་སོགས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག